དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • པུ་ཏ་ཕེ་སི་སྲོག་ཆགས་གླིང་ཁས་འདབ་ཆགས་ཀོན་12རང་བྱུང་ཁམས་ཀྱི་པང་དུ་གློད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཉིན་ཤས་གོང་པུ་ཏ་ཕེ་སི་སྲོག་ཆགས་གླིང་གའི་ལས་དོན་མི་སྣས་རང་གིས་གསོ་ཉར་བྱས་པའི་འདབ་ཆགས་ཀོན་12རང་བྱུང་ཁམས་ཀྱི་པང་དུ་གློད་ཅིང་། ལོ་རེའི་དགུན་དུས་མ་ཤར་གོང་འདབ་ཆགས་ཀོན་ཧང་ག་རི་ནས་ཨ་ཧྥེ་རི་ཁར་དགུན་སྒྲོལ་བྱེད་པར་སྐྱོད་ཀྱི་ཡོད་རུང་འདབ་ཆགས་ཀོན་ཁག་གཅིག་ན་སོ་ཆུང་བས་ཐག་རིང་དུ་འཕུར་མ་ཐུབ་པའི་དབང་གིས་པུ་ཏ་ཕེ་སིའི་སྲོག་ཆགས་གླིང་ཁའི་ལས་དོན་མི་སྣས་གསོ་ཉར་གྱིས་ལྟ་སྐྱོང་བྱས་ཏེ་དཔྱིད་ཀ་ཤར་སྐབས་ཁོང་ཚོར་ཨ་ལོང་བསྒར་ནས་རང་བྱུང་ཁམས་ཀྱི་པང་དུ་གློད་ཀྱི་ཡོད་ཅིང་། འདི་ནི་ཧང་ག་རིའི་ཤར་རྒྱུད་ཀྱི་ཧོའར་ཐོ་པ་ཅི་རུ་འདབ་ཆགས་ཀོན་12ཀྱིས་རང་བྱུང་པང་དུ་གློད་རྒྱུ་སྒུག་བསྡད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།