ཤིན་ཧྭ་གསར་འགྱུར་ཁང་ལུན་ཏུན་ནས་གློག་འཕྲིན་འབྱོར་གསལ། དབྱིན་ཇི་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་གླིང་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་དུས་ཐེངས་གསར་ཤོས་ཀྱི་ཨ་རིའི 《རྒྱལ་ཁབ་ཚན་རིག་སློབ་གླིང་གི་སློབ་གྲྭའི་ཚགས་པར 》ཐོག་ཁོང་ཚོས་ཆང་རག་འཐུང་ཤེད་དང་འབྲེལ་བ་ཡོད་པའི་གཞི་གྱིན་ཞིག་ཤེས་རྟོགས་བྱུང་ཞེས་བཀོད་ཡོད་པ་རེད།
དབྱིན་ཇིའི་ཞིབ་འཇུག་མི་སྣས་ཁོང་ཚོས་མི་ཁྲི་4.7གྱི་གཞི་གྱིན་མ་དཔེར་དབྱེ་ཞིབ་བྱས་པ་དང་མི་དེ་དག་གིས་ད་དུང་དྲི་བར་ལན་འདེབས་པའི་རྣམ་པའི་ཐོག་ནས་རང་ཉིད་ཀྱི་ཆང་རག་འཐུང་ཤེད་ཆེ་ཆུང་བཤད་ཡོད། མཐར་AUTS2ཞེས་པའི་གཞི་གྱིན་ཞིག་ཆང་རག་འཐུང་ཤེད་ཆེ་ཆུང་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཞིང་། གཞི་གྱིན་དེའི་ནང་གཞི་གྱིན་མི་འདྲ་བ་གཉིས་ཡོད་པ་དང་དེའི་ནང་གི་གཞི་གྱིན་གཅིག་ལྡན་མཁན་དང་གཞི་གྱིན་གཞན་ཞིག་ལྡན་མཁན་གཉིས་ཀྱི་ཆང་རག་འཐུང་ཤེད་བསྡུར་ན་ཆ་སྙོམས་5%ཙམ་དམའ་བ་ཡོད་ཅེས་བཤད་པ་རེད།
སྲོག་ཆགས་ལ་ཚོད་ལྟ་བྱས་པའི་ཐོག་ནས་ཀྱང་AUTS2གཞི་གྱིན་དེའི་ཤུགས་རྐྱེན་ནི་ཆང་རག་འཐུང་ཤེད་ནས་ཡིན་པ་ར་སྤྲོད་བྱུང་ཞིང་། ཞིབ་འཇུག་མི་སྣས་ཚོད་ལྟ་བྱ་ཡུལ་བྱི་བ་ཆང་རག་འཐུང་ཤེད་ཆེ་ཆུང་གཞིར་བཟུང་དབྱེ་བའི་ཕྱེ་བ་དང་མཐར་ཆང་རག་འཐུང་ཤེད་མི་འདྲ་བའི་ཚོད་ལྟ་བྱ་ཡུལ་བྱི་བའི་ལུས་པོའི་ནང་གི་AUTS2འཁྲུག་ཆ་དོད་ཚད་འདྲ་གི་མེད་པ་ཤེས་རྟོགས་བྱུང་བ་རེད།
ཞིབ་འཇུག་མི་སྣ་པའོ་ལུའོ ·ཨའེ་ལུའེ་ཐེ་ཡིས་ཤེས་རྟོགས་བྱུང་བའི་གཞི་གྱིན་དེར་ཞིབ་འཇུག་སྔར་ལས་ལྷག་པ་བྱས་ན་ཆང་རག་ཚོད་མེད་འཐུང་བའི་བྱ་སྤྱོད་ཚོད་འཛིན་བྱེད་པའི་ཐབས་ཤེས་གསར་པ་ཞིག་ཪྙེད་རྒྱུ་རེད་ཅེས་བཤད་པ་རེད།