ཟླ་4 ཚེས་5 ཉིན་ཁ་ན་ཏ་སྦྲག་སྲིད་སྤྱི་ཁྱབ་ཅུས་ཀྱིས་གློག་སྒུལ་རླངས་འཁོར་བཞི་པོས་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱེད་མཁན་འཁོར་རིགས་ཀྱི་ཚབ་བྱས་ཏེ་རླངས་འཁོར་གྱིས་མཇུག་རླངས་གློད་ནས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་ཚད་ཉུང་དུ་གཏོང་རྒྱུའི་བྱ་ཐབས་ཚོད་ལྟ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ཁ་ན་ཏ་སྦྲག་སྲིད་སྤྱི་ཁྱབ་ཅུས་ཀྱིས་སྤྱད་པའི་གློག་སྒུལ་རླངས་འཁོར་གྱི་ཐེག་ནུས་ཏུན་2 ཡིན་པ་དང་བཙོངས་རིན་ཨ་སྒོར་ཁྲི་15 ཙམ་ཟིན་གྱི་ཡོད་པ་དང་གློག་བླུགས་རྗེས་སྤྱི་ལེ་160 བསྐྱོད་ཐུབ་ཀྱི་ཡོད་པ་རེད། ད་ཆ་ཁ་ན་ཏ་སྦྲག་སྲིད་སྤྱི་ཁྱབ་ཅུས་ལ་སྦྲག་ཐོག་བསྐུར་མ་དབོར་འདྲེན་གྱི་རླངས་འཁོར་7300 ལྷག་ཙམ་ཡོད་པ་དེ་དག་གི་ལམ་ཚད་སྤྱི་ལེ་ཁྲི་9700 ལྷག་ཙམ་ཟིན་ཡོད། འདི་ནི་ཉིན་དེར་ཁ་ན་ཏ་ཡི་ཏུའོ་ལུན་ཏུའོ་ས་ཁུལ་སྨི་ཤིས་ཧྲ་ཅ་གྲོང་ཁྱེར་དུ་ཁ་ན་ཏ་སྦྲག་སྲིད་སྤྱི་ཁྱབ་ཅུས་ཀྱི་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱེད་མཁན་གློག་སྒུལ་རླངས་འཁོར་དང་པོ (གཡས )དེ་སྐྱོད་བཞིན་པའི་གནས་ཚུལ་ཡིན་པ།