དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཕན་ཅི་ཝུན་གྱིས་ལི་པི་ཡར་དམག་རྒྱག་མཚམས་འཇོག་དགོས་པའི་ལྕག་སྐུལ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གསལ་བསྒྲགས་སྤེལ་ནས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བའི་ལི་པི་ཡའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཐད་སེམས་ཁྲལ་ཆེན་པོ་བྱེད་པ་དང་ལི་པི་ཡར་འཕྲལ་དུ་དམག་མཚམས་འཇོག་དགོས་པ་དང་འབྲེལ་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་ཐབས་ལམ་ཤར་བགྲོད་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུང་ཡོད་པ་རེད།

        ཕན་ཅི་ཝུན་གྱིས་གསལ་བསྒྲགས་ནང་སྨི་སུ་ལ་ཐ་དང་། པུའུ་ལེ་ཅ། ཅིན་ཐན་སོགས་ལི་པི་ཡའི་གྲོང་ཁྱེར་མང་པོར་ཉིན་ཤས་རིང་དམག་དོན་རྡུང་རྡེག་ཕོག་པའི་དབང་གིས་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཇེ་སྡུག་ཏུ་སོང་ཡོད་པ་དང་སྨི་སུ་ལ་ཐའི་གནས་ཚུལ་དེ་བས་ཚབས་ཆེ་བ་ཡོད། གཟའ་འཁོར་ཁ་ཤས་བསྟུད་མར་མཚོན་ཆ་ཆེ་གྲས་ཀྱི་རྡུང་རྡེག་ཕོག་པས་སྨི་སུ་ལི་ཐ་གྲོང་ཁྱེར་གྱི་གྲོང་མི་དཀའ་ངལ་གྱི་གནས་སུ་གྱར་ནས་འཐུང་ཆུ་དང་བཟའ་བཅའ་དང་དེ་བཞིན་སྨན་རྫས་སོགས་གཞི་རྩའི་འཚོ་བའི་དངོས་རྫས་ཐོབ་ཁག་པོ་ཡོད་ཅེས་གསུངས་པ་རེད། ཕན་ཅི་ཝུན་གྱིས་ལི་པི་ཡར་འཕྲལ་དུ་མཚོན་ཆ་གང་བྱུང་དུ་སྤྱད་དེ་མི་སེར་ལ་རྨས་སྐྱོན་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་བཞག་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གྱི་ཐབས་ལམ་ཤར་བགྲོད་ཡོང་བའི་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།