དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལྷོ་ཨ་ཧྥེ་རི་ཁས་རྒྱལ་ཁབ་མང་པོའི་དཔུང་སྡེས་ལི་པི་ཡར་མཁའ་ཐོག་འཇབ་རྒོལ་བྱེད་མཚམས་འཕྲལ་མར་འཇོག་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་གཡོད་ཧན་ནེ་སི་པའོ་ནས་ཟླ་4 ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའི་པུའུ་ཀྲང་མའེ་ཐེ ·ཨེན་ཁོ་ཨ་ན —མ་ཧྲ་པ་ནེ་ཡིས་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་མང་པོའི་དཔུང་སྡེས་ལི་པི་ཡར་མཁའ་ཐོག་འཇབ་རྒོལ་བྱེད་མཚམས་འཕྲལ་མར་འཇོག་པ་མ་ཟད། གླིང་ཆེན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་འཐུས་མི་ཚོགས་པ་བཏང་ནས་ལི་པི་ཡར་འཚམས་འདྲི་བྱས་ཏེ་ཞི་བའི་ཐོག་ནས་ལི་པི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པའི་ནན་བཤད་གནང་བ་རེད།

        མ་ཧྲ་པ་ནེ་ཡིས་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོད་པས་ལྷོ་ཨ་ཧྥེ་རི་ཁས་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1973 པར་ལ་སྲུང་བརྩི་ནན་པོ་ཞུས་ཏེ་འཕྲལ་མར་ཕར་རྒོལ་བྱེད་མཚམས་བཞག་ནས་ཉེས་མེད་མི་སེར་ཤི་རྨས་ཡོང་རྒྱུ་ཉུང་དུ་གཏོང་དགོས་པའི་རེ་འབོད་བྱས་པ་རེད། ལི་པི་ཡ་གང་འདྲ་བྱེད་མིན་ནི་མཐར་ལི་པི་ཡའི་མི་དམངས་ཀྱིས་གཏན་འཁེལ་བྱེད་སྲིད་པས་ཕྱི་ཕྱོགས་ཀྱི་ཆབ་སྲིད་དང་དམག་དོན་ཕྱོགས་གཏོགས་གང་ཞིག་གིས་སྤྲད་པའི་ཤུགས་སྣོན་གྱིས་ལི་པི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་མེད་པ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།

        མ་ཧྲ་པ་ནེ་ཡིས་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉམ་ཐག་མི་སེར་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་གཞུང་ལས་ཁང་ལ་ཨ་སྒོར་ཁྲི་30 ཞལ་འདེབས་ཕུལ་ནས་ཉམ་ཐག་མི་སེར་ལི་པི་ཡ་ནས་ཁ་བྲལ་ཏེ་དམག་འཁྲུག་གི་གནོད་སྐྱོན་ལས་གཡོལ་རྒྱུར་རོགས་རམ་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།