དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོའི་གསར་གཏོད་རེ་ནེ་ཝའི་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་སྐབས་39ཐོག་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་རེ་ནེ་ཝ་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་རེ་ནེ་ཝའི་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་སྐབས་39པ་དེ་རེ་ནེ་ཝ་རུ་འགོ་ཚུགས་པ་དང་ཀྲུང་གོའི་སྐམ་ས་ཆེ་མོ་དང་། ཤང་ཀང་། ཐའེ་དབན་སོགས་ཀྱི་གསར་གཏོད་གྲུབ་འབྲས་སྐབས་འདིའི་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པ་རེད། ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏའེ་ཀྲེན་ཏུང་གིས་གསར་འགོད་པར་ལྷོ་ནུབ་མཁའ་འགྲུལ་ཀུང་སིས་ཚན་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱས་པའི་ནང “སྲོག་ཆགས་འགུལ་རེག་དང་ཤུགས་ལྡོག་ཚོད་ལྟའི་ལག་རྩལ ”ཚུད་ཡོད། ལག་རྩལ་དེ་རིགས་ཀྱིས་མི་རྣམས་ཀྱིས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་དེ་བས་ལེགས་པའི་སྒོ་ནས་ཞིབ་འཇུག་བྱ་རྒྱུར་ཕན་པ་མ་ཟད། ཆེད་ལས་མི་སྣས་འཕྲུལ་ཆས་མིའི་ལད་མོའི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་ཅེས་བརྗོད་བྱུང་།

        ཚན་རྩལ་མཐོ་བའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཕུད་ད་ཐེངས་ཀྱི་འགྲེམས་སྟོན་ནང་ཀྲུང་གོའི་སྐམ་ས་ཆེ་མོ་དང་། ཤང་ཀང་། ཐའེ་དབན་སོགས་ཀྱི་གསར་གཏོད་གྲུབ་འབྲས་ཀྱི་གསར་གཏོད་ཆུང་གྲས་མི་ཉུང་བ་ཞིག་ཡོད།

        ཤང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏུའུ་སི་ཧོ་ཡིས་འོད་རིག་མིག་ཤེལ་གྱི་ཤེལ་ལེབ་འགྲེམས་སྟོན་བྱས་ཤིང་། ཁོང་གིས་ཤེལ་ལེབ་དེ་རིགས་ཀྱིས་ལོ་8ནས་ལོ་13བར་གྱི་བྱིས་པའི་མིག་ཤེད་སྡུག་ཏུ་མི་འགྲོ་རྒྱུར་ཕན་པ་ཡོད་ཅེས་བརྗོད་བྱུང་། ཐའེ་པེ་ཐུའུ་ཁྲེང་སློབ་འབྲིང་གི་སློབ་མ་ཞིག་གིས་འགྲེམས་སྟོན་བྱས་པའི་ཆུ་ཤུགས་འཕུར་མདའ་དེ་ཆུ་གནོན་གྱི་ཤུགས་ལ་བརྟེན་ནས་འཕུར་མདའ་སྨི་20ཡི་མཁའ་ཐོག་ཏུ་འཕེན་ཐུབ་པ་དང་འབྲེལ་འཕུར་བའི་བརྒྱུད་རིམ་ནང་འཕུར་མདའ་ཁ་གྱེས་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།