དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་ཞི་བདེ་ཡོང་བ་བྱ་རྒྱུ་དེ་དུས་གང་ཞིག་ལས་ཀྱང་དགོས་གཏུགས་ཆེ་བ་ཡོད་ཅེས་བཤད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མས་ཕོ་བྲང་དཀར་པོར་བཅར་འདྲིར་ཡོང་པའི་དབྱི་སི་རལ་གྱི་ཙུང་ཐུང་ཕེ་ལེ་སི་དང་མཇལ་འཛོམས་གནང་ཞིང་། ཨའོ་པ་མས་མཇལ་འཛོམས་མཇུག་སྒྲིལ་རྗེས་གསར་འགོད་པར་དབུས་ཤར་རྒྱལ་ཁབ་མང་པོ་ཞིག་ཟང་ཟིང་གི་གནས་སུ་ལྷུང་བ་དང་སྦྲགས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་ཞི་བདེ་ཡོང་བ་བྱ་རྒྱུ་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་དེ་བས་དགོས་གཏུགས་ཆེ་བ་ཞིག་ཡོད་ཅེས་གསུངས་པ་རེད།

        ཨའོ་པ་མས་ཁོང་གཉིས་པོས་ཉེ་དུས་ཀྱི་དབུས་ཤར་གྱི་འགྱུར་བ་དྲག་པོའི་ཐད་གྲོས་བསྡུར་རྒྱ་ཁྱབ་བྱས་ནས “དེ་ནི་འགྲན་སློང་ཡིན་ལ་གོ་སྐབས་ཀྱང་ཡིན་པ ”ཐུན་མོང་ཐོག་ངོས་འཛིན་ཡོད་ཅེས་གསུངས། ཕེ་ལེ་སིས་གསར་འགོད་པར་དབྱི་སེ་རལ་གྱིས་དབྱི་སི་ལན་འཛམ་གླིང་དང་གྲོགས་པོ་སྒྲིག་འདོད་ཡོད་ལ་དབྱི་སི་རལ་ཞི་བདེ་ཡོང་བའི་འདུན་པའང་ཡོད་ཅེས་གསུངས་པ་རེད།

        ན་ནིང་ཟླ་9པ་ཚུན་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་ཞི་བདེའི་འཕེལ་རིམ་དེ་ཐོག་མཐའ་བར་གསུམ་དུ་འཕེལ་མེད་དུ་གནས་ཡོད། ཨ་རི་སྲིད་གཞུང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་ཞི་བདེ་དེ་དབུས་ཤར་བརྟན་ལྷིང་ཡོང་བའི་འགག་རྩ་ཡིན་པའི་ངོས་འཛིན་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་ཐད་ཀར་གྲོས་མོལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཐབས་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཟླ་ལྔ་པར་ཨ་རིར་བཅར་འདྲི་བྱ་རྒྱུ་ཡིན་པ་རེད།

        མིག་སྔར་གཞིས་ཆགས་ས་ཚིགས་ཀྱི་གནད་དོན་དེ་སྔར་བཞིན་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་འགོག་རྐྱེན་ཆེ་ཤོས་ཀྱི་གྲས་ཤིག་རེད། དབྱི་སི་རལ་གྱི་ཡེ་ལུ་ས་ལང་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱིས་ཚེས་4ཉིན་གྲོང་ཁྱེར་དེའི་ཤར་རྒྱུད་གཞིས་ཆགས་ས་ཚིགས་ཅི་ལུའོ་རུ་སྡོད་ཁང་ཆ་ཚང་942བསྐྲུན་པའི་གནད་དོན་ཐད་ཚེས་5ཉིན་ཨ་རིའི་རྒྱལ་སྲིད་ཁང་གི་མགྲིན་ཚབ་པས “སེམས་ཁུར་ཟབ་མོ ”བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།