དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • པིའར·ཀའེ་ཚེས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་4ཚེས་5ཉིན་ཝུའེ་རོན་ཀུང་སི་གསར་གཏོད་བྱེད་མཁན་པིའར ·ཀའེ་ཚེས་ཧྥ་རན་སེའི་ཐེ་ལ་སི་པའོ་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་འཚོག་རིང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་དབྱི་ཡོན་དང་སྤེལ་རེས་གླེང་མོལ་བྱས་ཏེ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་མུ་མཐུད་རྒྱལ་ཁབ་དབུལ་ཤོས་ལ་དབུལ་སྐྱོར་དང་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱེད་པ་མ་ཟད། དབུལ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་རེ་འབོད་བྱས་པ་དང་། ཀའེ་ཚེ་ཚེས་4ཉིན་ཧྥ་རན་སེར་བསྐྱོད་པའི་ཁར་ཚེས་6ཉིན་པེར་ལིན་དུ་འབྱོར་རྒྱུ་ཡིན་ཞིང་། ད་རེས་ཡོ་རོབ་ཏུ་བསྐྱོད་པའི་དམིགས་ཡུལ་ནི་ཁོང་གི་དགེ་བའི་རྩ་འཛུགས་པིའར་དང་མའེ་ལིན་ཏ་ཀའེ་ཚེ་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་བའི་དགེ་བའི་བྱེད་སྒོ་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།