དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་ལི་པི་ཡའི་དམག་མཚམས་འཇོག་རྒྱུའི་ཐད་མིག་སྔར་གྲོས་མཐུན་ཡོང་དཀའ་བའི་ངོས་འཛིན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཧ་ཐེ་པུས་ཚེས་4ཉིན་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་ལི་པི་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་གི་སྐམ་ཐོག་དམག་དཔུང་སྔར་བཞིན་དམག་བརྒྱབ་ནས་མིག་སྔར་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མཐུན་ཡོང་ཁག་པོ་ཡོད་ཅེས་གསུངས་པ་རེད།

        མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེ་རང་དུ་ཚོགས་འདུ་འཚོགས་ནས་ཧ་ཐེ་པུས་ལི་པི་ཡར་འདུམ་འགྲིག་བྱས་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་གནང་བ་དང་། ཧ་ཐེ་པུས་ལི་པི་ཡར་འཕུར་སྐྱོད་བཀག་སྡོམ་ཁུལ་བཙུགས་ཡོད་རུང་ལི་པི་ཡ་སྲིད་གཞུང་དང་ངོ་རྒོལ་ཤོག་ཁག་གིས་དམག་སྔར་བཞིན་རྒྱག་གི་ཡོད་པས་མིག་སྔར་གནས་ཚུལ་དེ་ག་དུས་བར་རྒྱུན་འཁྱོངས་བྱེད་མིན་ཤེས་ཐབས་བྲལ་བར་གྱུར་ཡོད་ཅེས་གསུངས་པ་རེད།

        ཧ་ཐེ་པུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས “མུ་མཐུད་རྡོག་རྩ་གཅིག་སྒྲིལ་གྱིས་ལི་པི་ཡའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ཤིག་བཟོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་ལྷག་དོན་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་1970པ་དང་1973པ་གཉིས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི ”རེ་འབོད་གནང་བ་རེད།

        ཧ་ཐེ་པུས་དམག་འཐབ་ཛ་དྲག་ཆེ་བའི་ས་ཁུལ་དང་དེའི་མཐའ་འཁོར་དུ་མི་ཆོས་རིང་ལུགས་ཀྱི་གནས་བབ་དེ་སྔར་བཞིན་དགའ་འོས་པ་ཞིག་མེད་ཅེས་གསུངས་པ་དང་འབྲེལ་ཁོང་གིས་ལི་པི་ཡའི་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་མཁན་དམག་འཁྲུག་གི་ཤུགས་རྐྱེན་ཕོག་པའི་གྲོང་ཁྱེར་དང་གྲོང་རྡལ་དུ་ཡོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་སྐུལ་འདེད་གནང་བ་རེད།

        ཧ ·ཐེ་པུས་ལི་པི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་གནང་ཚུན་སྔ་རྗེས་སུ་ལི་པི་ཡར་ཐེངས་གཉིས་འཚམས་འདྲིར་བསྐྱོད་པ་དང་སྦྲགས་ལི་པི་ཡའི་ཙུང་ལི་མ་ཧ་མའོ་ཏི་དང་ངོ་རྒོལ་ཤོག་ཁག་གི་འགོ་ཁྲིད་པ་སོ་སོ་དང་མཇལ་འཛོམས་གནང་བ་རེད།

        ལི་པི་ཡའི་ངོ་རྒོལ་ཤོག་ཁག “རྒྱལ་ཡོངས་ཀྱི་བར་བརྒལ་ཨུ་ཡོན་ལྷན་ཁང ”གི་ཀྲུའུ་ཞི་ཨ་པུ་ཏུའུ་ལི ·ཅ་ལི་ལེས་ཚེས་1ཉིན་ཧ་ཐེ་པུ་དང་གྲོས་མོལ་གནང་རྗེས་ངོ་རྒོལ་ཤོག་ཁག་གིས་དམག་མཚམས་འཇོག་རྒྱུའི་མོས་མཐུན་ཡོད་མོད། འོན་ཀྱང་ཆ་རྐྱེན་ནི་ནུབ་རྒྱུད་གྲོང་ཁྱེར་མཐའ་བསྐོར་མཁན (སྲིད་གཞུང་དམག )དཔུང་སྡེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པ་སོགས་ཡིན་ཞེས་གསུངས་པ་དང་། ལི་པི་ཡའི་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ས ·དབྱེ་པུ་ལ་ཤིན་གྱིས་དེ་རྗེས་ངོ་ལོག་ཕྱོགས་ཁག་གིས་སྔར་ནས་བཟུང་ཞི་བདེའི་ལྷག་བསམ་གྱི་བསམ་བློ་ཞིག་འཁྱེར་མྱོང་མེད་པ་དང་ཁོང་ཚོས་བཏོན་པའི་དམག་མཚམས་འཇོག་རྒྱུ་ཟེར་བ་དེ “མངོན་འགྱུར་བྱེད་ཐབས་བྲལ་བའི་རེ་བ ”རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།