དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཉ་རིགས་ཀྱི་ཁོག་པའི་ནང་འགྱེད་འཕྲོའི་དངོས་པོ་ཚད་ལས་བརྒལ་བ་ཐོག་མར་ཤེས་རྟོགས་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཏུང་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རི་པིན་ཚི་ཁྲེང་རྫོང་ཉ་ལས་མཐུན་ཚོགས་ཀྱིས་ཚེས་4ཉིན་པེ་ཚི་གྲོང་ཁྱེར་ཉེ་འདབས་མཚོ་ཁོངས་ནས་བཟུང་བའི་ཡུས་ཅིན་ཉ་ཕྲུག་གི་ཁོག་པའི་ནང་འགྱེད་འཕྲོའི་རང་བཞིན་གྱི་སེས་སྤྱི་རྒྱ་རེར་པེ་ཁུ་ལེར་526ཟིན་པ་ཞིབ་བཤེར་ཐུབ་པ་དང་བཟའ་བཅའི་འཕྲོད་བསྟེན་བཅའ་ཁྲིམས་ནང་གནས་སྐབས་གཏན་འཁེལ་བྱས་པའི་འགྱེད་འཕྲོའི་དངོས་པོ་དེ་སྤྱི་རྒྱ་རེར་པེ་ཁུ་ལེར་500ལས་བརྒལ་བ་ཁྱབ་བསྒྲགས་བྱས་པ་དེ་ནི་རི་པིན་གྱིས་ཉ་རིགས་ཀྱི་ཁོག་པའི་ནང་ཞིབ་དཔྱད་བྱས་པ་བརྒྱུད་འགྱེད་འཕྲོའི་རང་བཞིན་གྱི་དངོས་པོ་ཚད་ལས་བརྒལ་བ་ཡོད་པ་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་རེད།

        གཞན་ཡང་ཉ་ཆུང་དེ་རིགས་ཀྱི་ཁོག་པའི་ནང་ད་དུང་སྤྱི་རྒྱ་རེར་པེ་ཁུ་ལེར་1700ཡི་འགྱེད་འཕྲོའི་རང་བཞིན་གྱི་ཏེན་ཡོད་པ་ཤེས་རྟོགས་བྱུང་ཡོད། ཚེས་1ཉིན་ས་ཁུལ་གཅིག་མཚུངས་ནས་བཟུང་བའི་ཡུས་ཅིན་ཉའི་ཁོག་པའི་ནང་སྤྱི་རྒྱ་རེར་པེ་ཁུ་ལེར་4080ཡི་འགྱེད་འཕྲོའི་རང་བཞིན་གྱི་ཏེན་ཡོད་པ་ཐོག་མར་ཤེས་རྟོགས་བྱུང་བ་དང་ཚེ་ཁྲེང་རྫོང་ཉ་ལས་མཐུན་ཚོགས་ཀྱིས་རྫོང་དེ་ཡོངས་ཀྱི་ཉ་པར་ཡུས་ཅིན་ཉ་མི་འཛིན་རྒྱུའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།