དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་མིག་སྔར་རི་པིན་གྱི་ས་ཡོམ་གནོད་འཚེས་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ཚོད་དཔག་བྱེད་དཀའ་ཞེས་བཤད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་5ཉིན་སྤྱི་ཁྱབ་པུའུ་ཕ་རི་སིར་བཙུགས་པའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་རི་པིན་གྱི་ས་ཡོམ་དང་། མཚོ་ཡོམ། ཉིང་རྡུལ་ཕྱིར་ཤོར་བ་བཅས་ཀྱི་གནོད་འཚེས་དེའི་དཔལ་འབྱོར་འཕར་རྒྱུར་ཐེབས་པའི་ཤུགས་རྐྱེན་མིག་སྔར་ད་དུང་གནད་ལ་འཁེལ་བའི་སྒོ་ནས་ཚོད་དཔག་བྱེད་ཐུབ་ཀྱི་མེད་པར་བརྟེན་རི་པིན་གྱི་དཔལ་འབྱོར་གནས་ཚུལ་དེ་དེ་ཉིན་ཁྱབ་བསྒྲགས་བྱས་པའི་དུས་་འབྲིང་གི་དཔལ་འབྱོར་སྔོན་དཔག་སྙན་ཞུའི་ནང་བཅུག་མེད་ཅེས་བཤད་པ་རེད།

        དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་རི་པིན་སྲིད་གཞུང་གིས་ད་རེས་ཀྱི་རང་བྱུང་གནོད་འཚེས་རྒྱལ་ཁབ་དེར་བྱུང་བའི་དཔལ་འབྱོར་གྱི་གྱོང་གུན་དངོས་ཀྱིས་རྒྱལ་ཁབ་དེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་བསྡུར་གྲངས་བཟུང་ཚད་3.3%ནས་5.2%བར་ཡིན་པའི་ཚོད་དཔག་རགས་ཙམ་བྱས་ཡོད་མོད། འོན་ཀྱང་ད་བར་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་གྱོང་གུན་གྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཅེས་བཤད་པ་རེད།

        འོན་ཀྱང་ཐད་ཀར་གནོད་འཚོ་ཕོག་ཁུལ་གྱི་ཐོན་སྐྱེད་གནས་ཚུལ་དང་། གློག་ཤུགས་མཁོ་འདོན་གནས་ཚུལ། ཚོང་ལས་ཀྱི་ཡིད་ཆེས་ཀྱི་སེམས་པ་དང་ཐོན་ལས་ཀྱི་འབྲེལ་ཐག་ལ་ཕོག་ཐུག་བྱུང་བ་བཅས་ལ་ཚོད་དཔག་རགས་ཙམ་བྱས་པ་བརྒྱུད་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན་རི་པིན་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཕར་ཚད་དེ་ན་ནིང་གི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་0.2ནས་0.6བར་ཆག་སྲིད་པ་དང་དུས་ཚིགས་གཉིས་པར་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.5ནས་1.4བར་ཆག་སྲིད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།