མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཐོ་ཁེའོ་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཧྥུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོ་གཉེར་སྐྱོང་བྱེད་མཁན་ཐོ་ཁེའོ་གློག་ཤུགས་ཀུང་སིས་ཚེས་4ཉིན་ནས་བཟུང་འཕྲོ་འོད་རང་བཞིན་ཚད་ལྡབ་100ནས་ལྡབ་1000བར་བརྒལ་བའི་བཙོག་ཆུ་ཏུན་ཁྲི་1.15མཚོའི་ནང་དུ་གཏོང་འབུད་བྱས་ཏེ་འཕྲུལ་ཚན་གཉིས་པར་ཡོད་པའི་འཕྲོ་འོད་རང་བཞིན་མཐོ་བའི་བཙོག་ཆུ་གསོགས་ཡོང་བ་བྱ་རྒྱུ་རེད།
ཚེས་4ཉིན་རི་པིན་ཉིང་རྡུལ་ནུས་པའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཛ་དྲག་གི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མིག་སྔར་འགོག་པའི་ཞིབ་ཕྲའི་བྱ་ཐབས་གང་ཡང་མེད་ཅེས་ནན་བཤད་གནང་བ་རེད།
རི་པིན་གྱི་ཞིང་ནགས་ཆུ་གསུམ་པུའུ་ཡིས་བརྟག་དཔྱད་བྱས་པར་གཞིགས་ན། རི་པིན་གྱི་ཞིང་ལས་ཐོན་རྫས་དང་ལས་སྣོན་བྱས་པའི་ཟས་རིགས་ནང་འདྲེན་ཚོད་འཛིན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་ཉུང་མཐར་25ཡོད་པ་རེད།
རི་པིན་ཉེན་རྟོག་ཐིང་གིས་ཚེས་4ཉིན་གྱི་ཆུ་ཚོད་20བར་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་རེས་ཀྱི་ས་ཡོམ་དང་མཚོ་ཡོམ་ནང་མི་12259རྐྱེན་ལམ་དུ་ཤོར་བ་དང་། མི་15315གར་སོང་ཆ་མེད་དུ་གྱུར་པ། ད་དུང་མི་གྲངས་ཁྲི་16.6ཙམ་གྱིས་ཉེན་གཡོལ་བྱ་ཡུལ་དུ་འཚོ་བ་སྐྱེལ་བཞིན་ཡོད།
འཛམ་གླིང་གནམ་གཤིས་རྩ་འཛུཌ་དང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་སྒྲིག་གཞིའི་པེ་ཅིང་ས་ཁོངས་ཁོར་ཡུག་ཛ་དྲག་བརྡ་ལན་ལྟེ་གནས་དང་། རྒྱལ་ཁབ་རྒྱ་མཚོ་ཅུས། ཁོར་ཡུག་སྲུང་སྐྱོང་པུའུ (རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས ) འཕྲོད་བསྟེན་པུའུ་བཅས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། རི་པིན་གྱི་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་གི་ལས་འཛོལ་གྱིས་རང་རྒྱལ་གྱི་ཁོར་ཡུག་དང་དེ་བཞིན་ས་ཁོངས་ནང་གི་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་མི་སྲིད་པས་སྔོན་འགོག་གི་བྱ་ཐབས་གང་ཡང་སྤྱོད་མི་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།