མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་4ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་4ཉིན་ཨ་རིའི་ཙུང་ཐུང་ཨའོ་པ་མས་2012ལོའི་ཙུང་ཐུང་འདེམས་བསྐོའི་ལས་ཁུར་བསྟུད་འཛིན་གྱི་འདེམས་འགྲན་ནང་ཞུགས་རྒྱུ་དངོས་སུ་ཁྱབ་བསྒྲགས་གནང་བ་རེད།
ཉིན་དེར་ཨའོ་པ་མས་ཁོང་གི་འདེམས་འགྲན་དྲ་ཚིགས་བརྒྱུད་གནས་ཚུལ་དེ་ཁྱབ་བསྒྲགས་གནང་བ་དང་དྲ་ཚིགས་ལས་ཨའོ་པ་མ་དང་མཉམ་དུ་འདེམས་འགྲན་ནང་ཞུགས་མཁན་སྔར་བཞིན་ཙུང་ཐུང་གཞོན་པ་པའེ་ཏེང་ཡིན་པ་མཚོན་ཡོད་པ་རེད། ཨའོ་པ་མས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་བསྐུར་བའི་གློག་རྡུལ་འཕྲིན་ཡིག་ནང་འགྱུར་ལྡོག་ནི་ཐེངས་གཅིག་ལ་འབྱུང་མི་སྲིད་ལ་ཐོབ་སླ་པོ་ཞིག་ཀྱང་མིན་པར་བརྟེན་ཨ་རིའི་འདེམས་དམངས་ཀྱིས་འདས་ཟིན་པའི་ལོ་གཉིས་ནང་ངས་ཨ་རིར་འཕོ་འགྱུར་བཏང་བར་རྒྱབ་སྐྱོར་གནང་རོགས་ཞེས་གསུངས་པ་རེད།
ཨ་རིས་2012ལོའི་ཟླ་11པར་ཙུང་ཐུང་གི་འདེམས་བསྐོ་ཆེན་པོ་བྱ་རྒྱུ་ཡིན་པ་དང་ཨའོ་པ་མས་ངས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་འདེམས་བསྐོའི་ནང་ཞུགས་རྒྱུའི་དགོས་ངེས་ཀྱི་ཡིག་ཆ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།