ཟླ་4 ཚེས་4 ཉིན་འཇར་མན་གྱི་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་ཞུགས་མཁན་མི་སྣས་འཇར་མན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་མཁན་ཝུའེ་སི་ཐེ་ཝུའེ་ལེ་ཡིས་ཉིན་དེར་པེར་ལིན་དུ་འཇར་མན་གྱི་ཙུང་ལི་གཞོན་པའི་གོ་གནས་དགོངས་ཞུ་བྱ་རྒྱུ་ཡིན་ཞེས་གསུངས་པ་དེ་ནི་ཙུང་ལི་མོའུ་ཁེའར་གྱིས་འགོ་ཁྲིད་གནང་བའི་འཇར་མན་གྱི་སྲིད་སྐྱོང་མནའ་འབྲེལ་ལ་འཕྲད་པའི་མི་དོན་གྱི་འཕོ་འགྱུར་ཆེན་པོ་གསར་ཤོས་དེ་རེད་ཅེས་བཤད་པ་རེད།
ད་ལྟའི་འཇར་མན་སྲིད་གཞུང་དེ་ནི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་། ཡེ་ཤུའེ་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ། རང་དབང་དམངས་གཙོ་ཏང་བཅས་ལས་གྲུབ་པ་ཞིག་ཡིན་ཞིང་། 2009 ལོར་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམས་བསྐོ་ཆེན་པོའི་ནང་རང་དབང་དམངས་གཙོ་ཏང་ལ་འདེམས་ཤོག་ 15%ཐོབ་པ་དང་ཏང་གི་ཀྲུའུ་ཞི་ཝུའེ་སི་ཐེ་ཝུའེ་ལེ་དེས་རྐྱེན་པས་རྒྱལ་སྲིད་ལས་ཁུངས་ཀྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་བཞེས་གནང་རུང་འདི་ལོ་བྱས་པའི་ཀྲོའུ་གསུམ་གྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་འདེམས་བསྐོའི་ནང་ས་ཨན་ཀྲོའུ་ལ་རང་དབང་དམངས་གཙོ་ཏང་ལ་དབྱི་ཧུའེ་གྲོས་ཚོགས་ནང་ཞུགས་དབང་ཐོབ་དགོས་པའི་འདེམས་ཤོག་5%ཐོབ་མེད་པ་དང་། པ་ཕུའུ་ཀྲོའུ་ལ་འདེམས་ཤོག་5.3%ལས་ཐོབ་མེད་པ། ལའེ་ཧྥ་ཀྲོའུ་ལ་འདེམས་ཤོག་4.2%ལས་ཐོབ་མེད་པ་བཅས་ཀྱི་གནས་བབ་འོག་ཟླ་4 ཚེས་3 ཉིན་ཝུའེ་སི་ཐེ་ཝུའེ་ལེ་ཡིས་ཏང་གི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་བྱས་པ་དང་ཚེས་4 ཉིན་ཁོང་གིས་ཙུང་ལི་གཞོན་པའི་གོ་གནས་དགོངས་ཞུ་བྱས་རུང་ཕྱི་འབྲེལ་པུའུ་ཀྲང་གི་གོ་གནས་མུ་མཐུད་འཁུར་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝུའེ་སི་ཐེ་ཝུའེ་ལེ་ཡིས་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞིའི་འགན་བཞེས་ནས་ལོ་10 སོང་ཡོད་ཅིང་། ཁོང་གིས་སྲིད་དབང་མི་འཛིན་པའི་ཏང་གི་ཀྲུའུ་ཞིའི་འགན་བཞེས་སྐབས “རྒྱལ་ཁབ་ཀྱིས་ཐེ་ཇུས་ཉུང་ཙམ་བྱ་རྒྱུའི ”བླང་བྱ་བཏོན་གནང་རུང་ཏང་ཤོག་ཆེ་གྲས་དང་མཉམ་འབྲེལ་བྱས་ནས་སྲིད་སྐྱོང་བྱས་རྗེས་ལངས་ཕྱོགས་དེར་ཚོད་འཛིན་ཕོག་ཡོད། ཉེ་ཆར་རང་དབང་དམངས་གཙོ་ཏང་གིས་ཞིབ་ཕྲའི་སྲིད་ཇུས་བཟོ་སྐབས་ཡེ་ཤུའེ་ཆོས་ལུགས་དམངས་གཙོ་མནའ་འབྲེལ་ལ་བསྟུན་དྲགས་ཀྱི་ཡོད་པ་སྟེ། དཔེར་ན་རི་པིན་གྱི་ཉིང་རྡུལ་གློག་ཁང་ལ་ལས་འཛོལ་བྱུང་རྗེས་ལྗང་མདོག་ཏང་གིས་འཇར་མན་ཡོངས་སུ་ཉིང་རྡུལ་མཚོན་ཆར་ངོ་རྒོལ་བྱེད་པའི་གཞི་ཁྱོན་ཆེ་བའི་རྔམ་སྟོན་ཐེངས་མང་བྱས་ཏེ “དར་ཆ་གསལ་སྟོན ”ངང་ཉིང་རྡུལ་གློག་ཁང་མི་སྐྲུན་རྒྱུའི་འདུན་པ་བཤད་པ་དེ་འཇར་མན་གྱི་འདེམས་དམངས་འགའ་ཞིག་གི་བསམ་འདུན་དང་མཐུན་རུང་རང་དབང་དམངས་གཙོ་ཏང་གིས་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་རྗེས་སུ་འབྲང་རྒྱུའི་རྣམ་འགྱུར་དངོས་སུ་བསྟན་པ་དེས་རང་ཉིད་ཀྱི “ཁྱད་ཆོས ”མེད་པར་གྱུར་ནས་འདེམས་དམངས་མང་པོ་ཞིག་གི་ཡིད་ཆེས་ཐོབ་མེད་པ་རེད།
རང་དབང་དམངས་གཙོ་ཏང་ནི “མང་པོ་གསར་གཏོད་བྱེད་མཁན ”ཞིག་ཡིན་པ་ལས་སྔར་ནས་བཟུང་ཏང་ཤོག་ཆེ་གྲས་ཤིག་མིན་པར་བརྟེན་ཏང་ཤོག་དེར་འདེམས་ཤོག་དེ་ཙམ་མང་པོ་ཐོབ་ཀྱི་མེད་རུང་ཏང་ཤོག་ཆེ་གྲས་ལ་དབྱི་ཧུའེ་གྲོས་ཚོགས་ནང་གདན་ཐོབ་མང་པོ་ཐོབ་རྒྱུ་དང་མཉམ་འབྲེལ་ཐོག་རྒྱལ་སྲིད་ལས་ཁུངས་བསྐྱར་སྒྲིག་བྱ་རྒྱུའི་ངོས་ནས་འགངས་ཆེའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་ཆོག སྐབས་འདིའི་སྲིད་གཞུང་ནི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ཏང་ཤོག་ཆེ་གྲས་གཉིས་པོས་རང་དབང་དམངས་གཙོ་ཏང་དང་མཉམ་འབྲེལ་བྱས་ནས་གྲུབ་པ་ཞིག་ཡིན་ཞིང་། ཚེས་ 4ཉིན་《ཧྥ་ལན་ཁེ་ཕུའུ་ཡི་གནས་ཚུལ་སྙན་ཞུའི 》ནང་རྩོམ་ཡིག་གཅིག་སྤེལ་ནས་ད་ཆ་ནུས་པ་དེ་ཙམ་མི་ཐོན་པའི་རང་དབང་དམངས་གཙོ་ཏང་གིས་མོའུ་ཁེའར་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་བསྟན་ཡོད་རུང་མོའུ་ཁེའར་གྱིས་རང་དབང་དམངས་གཙོ་ཏང་དེ་དང་མུ་མཐུད་མཉམ་ལས་བྱས་ནས་སྲིད་སྐྱོང་རྒྱུའི་རྣམ་འགྱུར་བསྟན་གནང་བ་རེད།