དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིས་ཞིབ་འཇུག་བྱས་པ་བརྒྱུད་སྟར་ཁའི་འཚོ་བཅུད་ཀྱི་གྲུབ་ཆ་དེ་ཤུན་པགས་སྲ་བའི་ཤིང་ཏོག་གཞན་ལས་ལྷག་པ་ཡོད་པ་ཤེས་རྟོགས་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཨ་རིའི་རྫས་འགྱུར་རིག་ཚོགས་ཀྱིས་ཚེས་27ཉིན་ཞིབ་འཇུག་གི་སྙན་ཞུ་སྤེལ་ནས་སྟར་ཁའི་འཚོ་བཅུད་ཀྱི་གྲུབ་ཆ་དེ་ཤུན་པགས་སྲ་བའི་ཤིང་ཏོག་གཞན་ལས་ལྷག་པ་ཡོད་པ་དང་དེའི་དབྱང་འགྱུར་འགོག་པའི་ནུས་པ་དེ་སྔོན་དཔག་ལས་ཆེ་བ་ཡོད་ཅེས་བརྗོད་པ་དང་། ཞིབ་འཇུག་མི་སྣས་མི་རྣམས་ལ་ཉིན་ལྟར་སྟར་ཁ་7བཟའ་ཆོག་པའི་གྲོས་འགོ་བཏོན་ཡོད་པ་རེད།

        ཞིབ་འཇུག་མི་སྣས་གཤམ་གསལ་གྱི་ཤུན་པ་སྲ་བའི་ཤིང་ཏོག་སྟེ། སྟར་ཁ་དང་། ཁམ་ཚིག་གི་ནང་སྙིང་། བ་དམ། པར་ཙིར་གྱི་ཤུན་པ་སྲ་བའི་ཤིང་ཏོག ཨའོ་སི་ཁྲུ་ལི་ཡའི་ཤུན་པ་སྲ་བའི་ཤིང་ཏོག་སོགས་དང་དེ་བཞིན་གླིང་ཆེན་ཨ་མེ་རི་ཁའི་སྟར་ཁར་དབྱེ་ཞིབ་བསྡུར་བ་བྱས་པ་བརྒྱུད་སྟར་ཁར་དབྱང་འགྱུར་འགོག་པའི་གྲུབ་ཆ་ལྡན་ཚད་མང་ཤོས་ཡིན་པ་དང་དེ་ནི་འཚོ་བཅུད་དང་གཏེར་རྒྱུ་མང་པོ་ལྡན་པའི་སྤུས་ལེགས་སྤྲི་དཀར་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།

        ཞིབ་འཇུག་པ་ཆའོ ·ཝུན་སེན་གྱིས་དེ་སྔ་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད་ཉིན་ལྟར་ཤུན་པ་སྲ་བའི་ཤིང་ཏོག་ཕྲན་བུ་བཟས་ཚེ་ནད་རིགས་སྣ་ཚོགས་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་ཤེས་རྟོགས་བྱུང་ཡོད་པ་དཔེར་ན། སྙིང་ནད་དང་། འབྲས་སྐྲན། མཁྲིས་རྡོ། གཅིན་པ་མངར་འགྱུར་གྱི་ནད་སོགས་ཡིན། འོན་ཀྱང་དེ་ནི་ཞིབ་འཇུག་མི་སྣས་ཤུན་པ་སྲ་བའི་ཤིང་ཏོག་སྣ་ཚོགས་ཀྱི་འཚོ་བཅུད་ཀྱི་གྲུབ་ཆར་དབྱེ་ཞིབ་བསྡུར་བ་བྱེད་ཐེངས་དང་པོ་དེ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།