དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “ཀྲུང་གོ་ནི་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཅིག་ཡིན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨ་རིར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ། ཁྲེན་དབྱི་མིང་གིས།   |     སྤེལ་དུས།  2015-05-15

        ད་ལོ་ལོ་61ལ་སླེབས་པའི་ས་སྨི ·པོ་ནུའུ་ས་སྨི་ནི་མ་ལེ་ཞི་ཡ་རུ་སྐྱེས་པ་དང་རྒྱ་ཡིག་གི་མིང་ལ་ལུའུ་སན་མེ་ཟེར་བ། ཁོང་ཨ་རིར་གནས་སྤོས་ནས་ལོ་30ལྷག་ཙམ་སོང་ཡོད། ཆུང་དུས་ནས་རྒྱ་ཡིག་རྒྱུས་ཡོད་པ་དང་བཟའ་ཟླ་ཡང་ཀྲུང་གོ་བ་ཡིན་པས་ལུའུ་སན་མེས་ཀྲུང་གོའི་སྤྱི་སྐད་དང་ཀོང་ཏུང་ཡུལ་སྐད་ལ་ཐོགས་པ་མེད་པ་དང་ཁོང་ནི་ལུའོ་ཧྲན་ཅིའི་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་སྒྱུར་བ་བསླབ་པ་རྒན་གྲས་ཤིག་ཡིན།

        མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལུའུ་སན་མེས “ངས་ཀྲུང་གོ་ནི་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཅིག་ཡིན་པས་འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་ལ་འཇིགས་སྣང་སྐུལ་མི་ཐུབ ”ཅེས་མདོར་བསྟན་ནས་བཤད་པ་རེད།

        ལུའུ་སན་མེ་ཀྲུང་གོའི་རིག་གནས་སྒྱུ་རྩལ་ལ་ཧ་ཅང་དགའ་བ་དང་རྟག་ཏུ་ནན་ཅ་ཧྭ་ཀྲོའུ་ཡི་ཀྲུང་གོ་བའི་རིག་རྩལ་འཁྲབ་སྟོན་ཁྲོད་དུ་དགོད་སྤྲོའི་གཏམ་གླེང་དང་འཁྲབ་ཚན་ཆུང་བ་སོགས་འཁྲབ་ཚན་འཁྲབ་ཀྱི་ཡོད། ཟླ་དང་པོའི་ཟླ་མཇུག་ཏུ་ལུའུ་སན་མེ་ད་དུང་གདན་ཞུས་ལྟར་ཀྲུང་གོའི་དབུན་ཀྲོའུ་རུ་བསྐྱོད་དེ་ས་གནས་དེ་གའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཐོག་སྒྱུ་རྩལ་འཁྲབ་སྟོན་བྱས་ཡོད། ལུའུ་སན་མེས “ངའི་མི་ཚེ་ཕལ་ཆེ་བའི་ནང་ཀྲུང་གོ་བ་མང་པོ་དང་འབྲེལ་འདྲིས་བྱས་མྱོང་ཡོད་ལ་ཀྲུང་གོ་བ་མང་ཆེ་བ་ཧ་ཅང་ཞི་དུལ་ངག་འཇམ་དང་གཤིབ་བདེ་བ་ཞིག་ཡོད་པ་ཚོར་བྱུང་། ཁོང་ཚོས་སེམས་གཏིང་ནས་མི་གཞན་ལ་རྟག་ཏུ་དོ་ཁུར་དང་རོགས་རམ་བྱེད་ཀྱི་ཡོད ”ཅེས་བཤད་ཅིང་། ཁོང་གིས་དེ་ནི་ཀྲུང་གོའི་རིག་གནས་ཀྱིས་འཆམ་མཐུན་དང་། ཞི་བདེ། མཐུན་སྦྱོར་བཅས་ལ་དོ་སྣང་བྱེད་པ་དང་འབྲེལ་བ་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས “ཀྲུང་གོ་བས་ཐོག་མར་རང་ཉིད་ཀྱི་ཁྱིམ་གྱི་བྱ་བར་དོ་དམ་ཡག་པོ་བྱས་ནས་གཞན་ལ་རོགས་སྐྱོར་བྱེད་པ་ལས་ཐེ་གཏོགས་བྱེད་ཀྱི་མེད ”ཅེས་བཤད།

        ལུའུ་སན་མེས་ཀྲུང་གོ་བའི་ད་ལྟའི་བསམ་དོན་ནི་དགེ་མཚན་ལྡན་པའི་རྒྱལ་སྤྱིའི་ཁོར་ཡུག་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད་ཅེས་དང “ཀྲུང་གོར་མི་འབོར་དུང་ཕྱུར་13ཡོད་པ་དང་ས་གནས་ཁག་གི་འཕེལ་རྒྱས་དོ་མཉམ་མེད་པ་སྟེ། དཔལ་འབྱོར་དར་རྒྱས་ཆེ་བའི་ཞིང་ཆེན་ཡོད་ལ་དབུལ་ཞིང་རྗེས་ལུས་ཐེབས་པའི་ས་ཁུལ་ཡང་ཡོད་པ་དང་མི་ཁ་ཤས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་ཀྱང་མི་ཁ་ཤས་ཀྱི་འཚོ་བའི་ཆུ་ཚད་ད་དུང་དམའ་ཙམ་ཡོད་པ་དེ་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་འཁྲུལ་མེད་ཅིག་ཡིན་སྟབས་ཀྲུང་གོའི་འགོ་ཁྲིད་པ་ཚོས་བསམ་བློ་གཏོང་ས་ནི་གང་འདྲ་བྱས་ནས་ཀྲུང་གོའི་མི་དམངས་བདེ་སྐྱིད་ལྡན་པ་དང་ངོ་གནོང་མི་དགོས་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན་པ་ལས་ཕྱི་ཕྱོགས་ལ་རྒྱ་བསྐྱེད་དང་བཙན་ཤེད་དབང་བསྡུ་བྱ་རྒྱུ་དེ་གཏན་ནས་མ་རེད ”ཅེས་འདི་ག་ཚགས་པར་ཁང་གི་གསར་འགོད་པར་བཤད།

        ལུའུ་སན་མེས་མི་ཁ་ཤས་ཀྱིས་ཀྲུང་གོར་གཞི་ཁྱོན་ཆེ་བའི་དམག་དཔུང་ཡོད་ལ་དམག་གྲོན་ཡང་ཧ་ཅང་མཐོ་པོ་ཡོད་ཅེས་ཤོད་པ་མ་ཟད་དེའང་འཛམ་གླིང་ལ “འཇིགས་སྣང ”སྐུལ་བ་ཞིག་ཏུ་བརྩི་གི་ཡོད། དོན་དངོས་སུ་ཀྲུང་གོའི་མངའ་ཁོངས་ས་ཆའི་རྒྱ་ཁྱོན་དེ་འདྲ་ཆེ་བ་དང་མི་འབོར་ཡང་དེ་འདྲ་མང་བས་གཞི་ཁྱོན་འདང་ངེས་ཀྱི་དམག་དཔུང་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་སྲུང་གི་དགོས་མཁོ་རང་ཡིན་པའི་ངོས་འཛིན་བྱས་ཡོད།

        ཁོང་གིས་མི་ཁ་ཤས་ཀྱིས་ད་ལྟ་ག་ས་གང་དུ་ཀྲུང་གོའི་ཚོང་ཟོག་ཡོད་པ་མཐོང་སྟེ་ཀྲུང་གོའི་ཤུགས་རྐྱེན་ཧ་ཅང་ཆེ་བ་དང་ད་དུང་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད་སྙམ་ནས་བློ་ཧ་ཅང་མི་བདེ་བར་གྱུར་པ་དང་ལྷག་པར་དུ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་གནས་ཚུལ་འོག་རྒྱལ་ཁབ་ཁ་ཤས་སུ་ལས་ཀ་ཤོར་ཚད་རྒྱུན་མཐུད་ངང་མཐོ་པོ་ཆགས་པས་མི་ཁ་ཤས་ཀྱིས་ཀྲུང་གོ་དེ་ཉེས་ཚབ་བྱེད་མཁན་དུ་བརྩིས་ནས “ཀྲུང་གོའི་བཟོ་པ་ཚོས་ཁོང་ཚོའི་ལས་ཀ་འཕྲོག་སོང ”ཞེས་བཤད་པ་དང་འབྲེལ་མི་དམངས་ཤོར་སྒོར་གྱི་དངུལ་བརྗེས་འཛའ་ཐང་སོགས་ཀྱི་གནད་དོན་ཐོག་ནས་ཀྲུང་གོར་གནོན་ཤུགས་སྤྲོད་ཀྱི་ཡོད། དོན་དངོས་སུ་ཀྲུང་གོའི་ཚོང་ཟོག་མང་པོ་ཞིག་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་བཟོ་གྲྭ་ནས་བཟོས་པ་ཞིག་ཡིན་པ་དང་ཀྲུང་གོ་བར་དོན་དངོས་སུ་ཁེ་ཕན་མང་པོ་ཐོབ་མེད་པ་དང་འོན་ཀྱང་སྤུས་དག་གོང་ཁེའི་ཀྲུང་གོའི་ཐོན་ཟོག་ལས་འཛམ་གླིང་ཡོངས་ཀྱི་འཛད་སྤྱོད་པར་ཕན་པ་ཐོབ་ཡོད་ཅེས་བཤད།

        ཡུན་རིང་མ་སོང་བའི་སྔོན་ལ་ཀྲུང་གོར་བསྐྱོད་པའི་སྐོར་གླེང་སྐབས་ལུའུ་སན་མེས་རང་ཉིད་ངོ་མས་ཧྲང་ཧའེ་སོགས་གྲོང་ཁྱེར་འཕེལ་རྒྱས་མགྱོགས་པོ་བྱུང་བ་མཐོང་བྱུང་། ལོ་ཁ་ཤས་སྔོན་ལ་འཚམས་འདྲི་བྱེད་སྐབས་ཀྱི་མཐོང་ཐོས་དང་བསྡུར་ན་ཀྲུང་གོར་སླར་ཡང་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་འདུག་ཅེས་དང “ཀྲུང་གོའི་མི་སེར་གྱི་འཚོ་བའང་ཇེ་ཕྱུག་ཏུ་འགྲོ་བ་དང་ཀྲུང་གོ་སྲིད་གཞུང་གིས ‘ལོ་ལྔ་ཚན་བཅུ་གཉིས་པའི ’རིང་དཔལ་འབྱོར་འཕེལ་རྒྱས་སྔར་བས་དོ་སྙོམས་ཡོང་བ་དང་སྡོད་ཁང་དང་ཡོང་འབབ་སོགས་མི་སེར་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཏོན་ཡོད། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་ཀྲུང་གོར་མཚོན་ན། དེ་འཕེལ་རྒྱས་དང་། དར་རྒྱས། བརྟན་ལྷིང་བཅས་བྱུང་བ་ནི་འཛམ་གླིང་གི་ཞི་བདེར་ཕུལ་བའི་གལ་ཆེའི་ལེགས་སྐྱེས་ཞིག་རེད ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།