དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “རྒྱ་སྐད་ཀྱི་འབྲེལ་ཟམ་”འདེམས་མཁན་ཇེ་མང་དུ་འགྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པེར་ཀྲེམ་དུ་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝུའུ་ལི་ཅུན་གྱིས།   |     སྤེལ་དུས།  2015-05-15

        སྐབས་བཅུ་པའི “རྒྱ་སྐད་ཀྱི་འབྲེལ་ཟམ ”འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་པེར་ཀྲེམ་འགྲན་ཁུལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚོས “དར་སོ་ཆེ་བའི ”རྒྱ་ཡིག་གི་མིང་ཚིག་འགའ་ཤོད་ཐུབ་ཀྱི་ཡོད། ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་གྱི་དགོང་མོ་རིམ་པ་ལྟར་བདམས་ཐོན་བྱས་པ་བརྒྱུད་པེར་ཀྲེམ་གྱི་ས་གནས་ཁག་ནས་ཡིན་པའི་བདམས་ཐོན་པ་7ལ་པུའུ་ལུའུ་སའེ་འར་གྱི་སྐད་གྲགས་ཡོད་པའི་མཛེས་ལྗོངས་ཁུལ་གྱི་པེར་ཀྲེམ་འགྲན་ཁུལ་གྱི་ཨང་དང་པོ་ཐོབ་པ་དང་འགྲན་བསྡུར་དེ་གཏམ་བཤད་དང་། སྒྱུ་རྩལ་ངོམ་པ། དྲི་བ་དྲིས་ལན་སོགས་ཀྱི་ལྷུ་ཚིགས་སུ་ཁག་བགོས་ཡོད་ཅིང་། མི་200ལྷག་ཙམ་གྱིས་ཉིན་དེའི་འགྲན་བསྡུར་ལ་གཟིགས་པ་རེད།

        རིམ་པ་དང་པོའི་བྱ་དགའ་ཐོབ་མཁན་ལུའུ་ཝིན་སློབ་ཆེན་རྒྱའི་སྐད་ཡིག་ཚན་ཁག་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་ཝུན་སེན་ཐི་ཡིས་ཀྲུང་གོ་བའི་གཉེན་སྟོན་ནང་ཞུགས་པ་དང་ཀྲུང་གོའི་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱེད་པ་དང་དེ་བཞིན་རང་ཉིད་ཀྱིས་ཀྲུང་གོའི་ཡུལ་སྐད་མ་ཤེས་པའི་དབང་གིས་དགོད་སློང་བའི་སྐོར་བཤད་ཡོད། ཁོང་གིས་ན་ནིང་ཀྲུང་གོར་སློབ་སྦྱོང་ལོ་གཅིག་བྱས་རིང་ཧ་ཅང་སྐྱིད་པོ་བྱུང་། ཀྲུང་གོ་བ་དང་གྲོགས་པོ་བསྒྲིགས་པ་ཡིན་ཞེས་བཤད། ཝུན་སེན་ཐི་ཡི་ཕ་མས་གསར་འགོད་པར་དང་ཐོག་ཕྲུ་གུས་རྒྱ་ཡིག་བདམས་དུས་སེམས་ཁྲལ་ཆེན་པོ་བྱུང་མོད། འོན་ཀྱང་ད་ལྟ་ང་ཚོའི་ཁྱིམ་ཚང་ཚང་མས་ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད། ང་ཚོའི་འཆར་གཞིར་ད་ལོའི་དབྱར་ཁ་ཀྲུང་གོར་ཡུལ་སྐོར་དུ་ཕྱིན་ནས་ཀྲུང་གོའི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་བལྟ་བར་འགྲོ་རྩིས་ཡོད་ཅེས་བཤད།

        ད་རེས་འགྲན་བསྡུར་གྱི་དཔྱད་འདེམས་པའི་གྲས་དང་པེར་ཀྲེམ་ཀིང་ཐི་སློབ་ཆེན་ཨེ་ཤེ་ཡའི་ཤར་ལྷོའི་སྐད་ཡིག་རིག་གནས་ཚན་ཁག་གི་རྒྱ་ཡིག་པུའུ་ནས་ཡིན་པའི་དགེ་རྒན་ཆེ་མོ་བ་པ་ཏེ་ཧྲིང་གིས་སྐད་ཡིག་ནི་སེམས་ཁམས་བརྗེ་རེས་བྱ་བྱེད་ཀྱི་ཟམ་པ་ལྟ་བུ་ཞིག་རེད། “རྒྱ་སྐད་ཀྱི་འབྲེལ་ཟམ ”ཞེས་པའི་འགྲན་བསྡུར་གྱི་ཟམ་པའི་རྨང་གཞི་ནི་ཀྲུང་གོའི་རིག་གནས་ཡིན་པ་དང་ཟམ་ངོས་ནི་དེང་རབས་ཀྱི་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་དེ་ཡིན། ད་ལྟ་པེར་ཀྲེམ་བ་དེ་བས་མང་བ་ཞིག་གིས་ཟམ་པ་དེ་གདམ་གྱི་ཡོད་ཅེས་གསུངས།

        《པེར་ཀྲེམ་དུ་བསྐྱོད་པ 》ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་མཁྱེན་ལྡན་མ་མ་སུང་གིས་འགྲན་བསྡུར་ལ་བལྟས་རྗེས་ངས་རྒྱ་སྐད་ཤོད་མི་ཤེས་མོད། འོན་ཀྱང་འདི་ནུབ་བདམས་ཐོན་པ་ཚོས་འཁྲབ་སྟོན་བྱས་པའི་ཅིན་ཅུས་ཟློས་གར་དང་ཀྲུང་གོའི་ཞབས་བྲོས་ཁོ་མོ་ཀྲུང་གོའི་རིག་གནས་ལ་དེ་བས་ཡིད་སྨོན་སྐྱེས་བྱུང་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།