དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མོང་གོལ་རྒྱལ་ཁབ་ཀྱིས་ལྷོ་སྣེར་ཚན་རིག་རྟོག་ཞིབ་ས་ཚིགས་འཛུགས་རྩིས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཨུ་ལན་དཔའ་ཐུལ་ནས་ཟླ་3 ཚེས་30 ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མོང་གོལ་རྒྱལ་ཁབ་ལྷོ་སྣེ་གླིང་ཞིབ་འཇུག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏུའུ་ཀེའར་ཀྲ་ཕུའུ་ཡིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཀེ་ལེ་པེ་ཀེ་ཏོའར་ཅིའི་སར་བཅར་སྐབས་མོང་གོལ་རྒྱལ་ཁབ་ཀྱི་ཞིབ་འཇུག་པས་ལྷོ་སྣེ་གླིང་དུ་ཞིབ་ཚན་རྟོག་ཞིབ་ས་ཚིགས་ཤིག་འཛུགས་རྒྱུའི་གྲ་སྒྲིག་བྱས་ཟིན་ཞེས་ཞུས་པ་རེད། དུས་མཚུངས་སུ་ཁོང་གིས་ཀེ་ལེ་པེ་ཀེ་ཏོའར་ཅི་ནས་མོང་གོལ་རྒྱལ་ཁབ 《ལྷོ་སྣེ་རྒྱ་མཚོའི་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་སྤྱི་ཆིངས 》ནང་ཞུགས་རྒྱུའི་དགོངས་བཞེས་གནང་སྟེ་མོང་གོལ་རྒྱལ་ཁབ་ཀྱིས་ལྷོ་སྣེ་གླིང་དུ་ཚན་རིག་རྟོག་ཞིབ་ས་ཚིགས་འཛུགས་རྒྱུར་བཅའ་ཁྲིམས་ཀྱི་རྨང་གཞི་མཁོ་འདོན་གནང་རྒྱུ་དང་འབྲེལ་ལྷོ་སྣེ་གླིང་གི་རྒྱ་མཚོའི་སྐྱེ་དངོས་སོགས་ཀྱི་ཐོན་ཁུངས་ཀྱང་བེད་སྤྱོད་ལུགས་མཐུན་གནང་རྒྱུའི་རེ་བ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།