དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་འཐུས་མི་ཚོགས་པས་ལི་ཐུ་ཝན་གྱི་གྲོས་མི་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཝིར་ནིའུ་སེ་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ལི་ཐུ་ཝན་དུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་འཐུས་མི་ཚོགས་པས་ཚེས་28ཉིན་ལི་ཐུ་ཝན་གྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་ཁག་གཅིག་དང་བཞུགས་མོལ་གནང་ཞིང་། ལི་ཐུ་ཝན་གྱི་གྲོས་དཔོན་གཞོན་པ་ཡུར་ཧྲེ་ནར་དང་སྲིད་བློན་ཟུར་པ་ད་ལྟའི་དབྱི་ཧུའེ་གྲོས་ཚོགས་ཀྱི་ངོ་རྒོལ་ཏང་ཤོག་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཅིར་ཅི་ལ་སི་སོགས་དང་བཞུགས་མོལ་གནང་བ་རེད། ཕྱོགས་གཉིས་པོས་བོད་རང་སྐྱོང་ལྗོངས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དེ་བཞིན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་སོགས་ཀྱི་གནད་དོན་ཐད་གཟིགས་ཚུལ་གསུངས་རེས་གནང་བ་རེད།

        ད་དུང་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་འཐུས་མི་ཚོགས་པས་ཉིན་དེར་ལི་ཐུ་ཝན་ཝེའར་ཉིའུ་སི་སློབ་ཆེན་དུ་བོད་ཀྱི་གནད་དོན་དང་འབྲེལ་བའི་སྙན་ཞུའི་ཚོགས་འདུ་འཚོགས་པ་མ་ཟད། སློབ་གྲྭ་དེའི་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་དང་བཞུགས་མོལ་གནང་བ་དང་འབྲེལ་ལི་ཐུ་ཝན་སྨྱན་སྦྱོར་ཚན་པའི་འཐུས་མི་དང་ངོ་འཕྲད་ཚོགས་འདུའང་འཚོགས་པ་རེད། འཐུས་མི་ཚོགས་པས་ལི་ཐུ་ཝན་ཚན་རྩལ་སློབ་གླིང་དང་ཝེའར་ཉིའུ་སི་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་རིག་གནས་པ་དང་སྤེལ་རེས་ཀྱང་གནང་བ་རེད།

        འདི་ནི་ཟླ་3ཚེས་28ཉིན་ལི་ཐུ་ཝན་གྱི་རྒྱལ་ས་ཝིར་ནིའུ་སིར་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་འཐུས་མི་ཚོགས་པའི་ཁོངས་མི། རྗེ་སྐུ་འབུམ་དགོན་པའི་གཟིམ་ཁང་རིན་པོ་ཆེས་ལི་ཐུ་ཝན་གྱི་གྲོས་མིར་ཁ་བཏགས་བསྒྲོན་གནང་བ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།