དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དབྱིན་ཇིའི་དམངས་ཚོགས་ཀྱིས་ལི་པི་ཡའི་དམག་དོན་བྱ་སྤྱོད་དེ་དབྱི་རག་གི་དམག་འཁྲུག་གཞན་ཞིག་ཏུ་འགྱུར་རྒྱུར་སེམས་ཁྲལ་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལུན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་དབྱིན་ཇིའི་དམངས་འདོད་བརྟག་དཔྱད་སྒྲིག་གཞིའི་ཁང་ལུའེ་སི་ཁྲོམ་རའི་བརྟག་དཔྱད་ཀུང་སིས་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ཀྱི་འབྲས་བུ་གསར་ཤོས་ཤིག་གི་ཐོག་ནས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་70%ཡན་གྱིས་དབྱིན་ཇིའི་དམག་དཔུང་ལི་པི་ཡའི་དམག་དོན་བྱ་སྤྱོད་ནང་ཞུགས་པ་དེ་དབྱི་རག་གི་དམག་འཁྲུག་ལྟར་དཀའ་སྡུག་གི་གནས་སུ་གྱར་རྒྱུའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

        དབྱིན་ཇིའི 《རང་ཚུགས་ཚགས་པར 》གྱི་མངག་བཅོལ་ལྟར་ད་རེས་དམངས་འདོད་བརྟག་དཔྱད་བྱས་པའི་འབྲས་བུ་ལས་མངོན་པར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མའེ་ལུན་གྱིས་ལི་པི་ཡ་ནི “དབྱི་རག་གི་དམག་འཁྲུག་གཞན་ཞིག ”ཏུ་འགྱུར་མི་སྲིད་ཅེས་ནན་བཤད་ཡང་ཡང་གནང་རུང་བཅར་འདྲི་དང་ལེན་བྱེད་མཁན་དམངས་ཚོགས་71%གིས་ལི་པི་ཡའི་དམག་དོན་བྱ་སྤྱོད་དེས་དབྱིན་ཇི་འདི་ཉིད་ཡུན་རིང་ཁྲག་དྲི་བྲོ་བའི་དམག་འཁྲུག་གི་དཀའ་སྡུག་གནས་སུ་གྱར་རྒྱུའི་སེམས་ཁྲལ་སྔར་བཞིན་བྱེད་ཀྱི་ཡོད་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་47%གྱིས་སྲིད་གཞུང་གིས་དམག་དཔུང་མངགས་ནས་ལི་པི་ཡའི་དམག་དོན་བྱ་སྤྱོད་ནང་ཞུགས་པ་དེ་ཡང་དག་པ་ཞིག་ཡིན་མིན་ལ་དོགས་པ་བྱེད་ཀྱི་ཡོད་པ་རེད།

        དམངས་འདོད་ལ་བརྟག་དཔྱད་བྱས་པའི་འབྲས་བུའི་ཐོག་ནས་ད་དུང་མངོན་པར། གྲོས་ཁང་གི་འཐུས་མི་མང་པོ་ཞིག་གིས་ལི་པི་ཡར་དམག་དོན་བྱ་སྤྱོད་སྤེལ་བར་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་བསྟན་རུང་ཕྱིར་འཐེན་གྱི་འཐབ་ཇུས་སྔ་ཙམ་ལག་བསྟར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

        དབྱེ་ཞིབ་མི་སྣས་ཁཱ་མའེ་ལུན་ལ་མིག་སྔར་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད་པ་སྟེ་སྤྱི་དམངས་ལ་དམག་དོན་བྱ་སྤྱོད་དུས་ནམ་ཞིག་མཇུག་འགྲིལ་མིན་ཐད་གསལ་བཤད་བྱེད་དགོས་པ་དེ་ཡིན་ཞེས་གསུངས་པ་རེད།

        ཟླ་འདིའི་ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་1973པར་གྲོས་འཆམ་བྱས་ནས་ལི་པི་ཡར་འཕུར་སྐྱོད་བཀག་སྡོམ་ཁུལ་འཛུགས་རྒྱུའི་མོས་མཐུན་བྱས་པ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ལ་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་ལི་པི་ཡའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་དེ་བཞིན་ཁོང་ཚོ་འདུ་འཛོམས་ཁུལ་དུ་དམག་དོན་གྱི་འཇིགས་སྣང་མི་ཕོག་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཧྥ་རན་སེ་དང་། ཨ་རི། དབྱིན་ཇི་བཅས་ཀྱིས་གཙོ་བོར་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཚེས་19ཉིན་ནས་བཟུང་ལི་པི་ཡར་དམག་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད་མོད། འོན་ཀྱང་ཐེངས་འདིའི་དམག་དོན་བྱ་སྤྱོད་ནང་མི་སེར་དཀྱུས་མ་ཤི་རྨས་བྱུང་ཡོད་པས་བྱ་སྤྱོད་སྤེལ་མ་ཐག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་པ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།