མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྡི་ལི་གསར་པ་ནས་གློག་འཕྲིན་འབྱོར་གསལ། རྒྱ་གར་སྲིད་གཞུང་གིས་ཚེས་28ཉིན་ཡོངས་བསྒྲགས་བྱས་པའི་2010ལོའི་སྟག་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་ལས་མངོན་པར་གཞིགས་ན། མིག་སྔར་རྒྱ་གར་མངའ་ཁོངས་སུ་བདག་ཏུ་མ་བཟུང་བའི་སྟག་གི་གྲངས་འབོར་1706ཟིན་པ་དེ་2006ལོའི་ཡོངས་ཁྱབ་ཞིབ་བཤེར་དང་བསྡུར་ན་295ཡིས་མང་དུ་སོང་བ་དང་དེའི་གྲངས་འབོར་དེ་ལོ་4རིང་12﹪འཕར་ཡོད་པ་རེད།
《རྒྱ་གར་གྱི་ཆོས་དད་པའི་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་གསང་བའི་པར་ཆས་ཀྱིས་པར་རྒྱག་པ་སོགས་ཐབས་ལམ་བརྒྱུད་རྒྱ་གར་རྒྱལ་ཡོངས་ཀྱི་སྟག་གི་རང་བྱུང་སྲུང་སྐྱོང་ཁུལ་39ལ་བརྟག་དཔྱད་བྱས་ཤིང་། རྒྱ་གར་ཁོར་ཡུག་དང་ནགས་ཚལ་གྱི་རྒྱལ་དོན་པུའུ་ཀྲང་ལ་མེ་ཧྲིས་བརྟག་དཔྱད་གཞི་གྲངས་གསར་པ་ལས “མི་རྣམས་ལ་ཧ་ཅང་སྐུལ་ལྕག་ཐེབས་པ ”ཞིག་ཡོད། འོན་ཀྱང་འདས་ཟིན་པའི་ལོ་ཁ་ཤས་རིང་རྒྱ་གར་དུ་སྟག་གི་བསྟི་གནས་ཀྱི་རྒྱ་ཁྱོན་དེ་སྤྱི་ཆིང་ཁྲི་900ནས་སྤྱི་ཆིང་ཁྲི་750བར་ཆུང་དུ་སོང་བ་མ་ཟད་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བའི་འཕེལ་ཕྱོགས་མངོན་བཞིན་ཡོད་ཅེས་བསྟན་པ་རེད།