དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཨ་རིའི་གཉིས་རྒོལ་གྱི་བྱ་ཐབས་བཞི་སྒྲིག་སྲོལ་ལས་འགལ་བར་ཁྲུན་ཐག་བཅད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་སྒྲིག་གཞིས་ཨ་རིའི་གཉིས་རྒོལ་གྱི་བྱ་ཐབས་བཞི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་བའི་ཁྲུན་ཐག་བཅད་པ་དང་ཚོང་དོན་པུའི་སྲོལ་ཡིག་བཅའ་ཁྲིམས་སིའི་འགན་འཁུར་བས་ཚེས་28ཉིན་དེའི་ཐད་གཏམ་བཤད་སྤེལ་ཏེ་ཨ་རིའི་ཕྱོགས་ལ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁྲུན་ཐག་མགྱོགས་མྱུར་ལག་བསྟར་བྱས་ཏེ་ཀྲུང་གོས་ཕྱིར་གཏོང་བྱེད་པའི་ཐོན་རྫས་ལ་སྤྱད་པའི་ནོར་འཁྲུལ་གྱི་བྱ་ཐབས་ཡོ་བསྲང་བྱེད་དགོས་པའི་རེ་བ་བཏོན་པ་རེད།

        འགན་ཁུར་བ་དེས་གྱོད་གཞི་དེ་ནི་ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་སྤྱད་དེ་ཁེ་ཕན་སྲུང་སྐྱོང་བྱས་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ལ་དེས་ཕྱོགས་མང་སྒྲིག་སྲོལ་ཐད་ཀྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་ཡིད་ཆེས་ཧ་ཅང་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

        ཟླ་3ཚེས་11ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་གོང་ལ་ཞུ་གཏུག་བྱེད་པའི་སྒྲིག་གཞིས་ཀྲུང་གོས་ཨ་རིའི་གཉིས་རྒོལ་གྱི་བྱ་ཐབས་ལ་ཞུ་གཏུག་བྱེད་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞིར་ཁྲུན་ཐག་བཅད་དོན་གྱི་སྙན་ཞུ་ཡོངས་བསྒྲགས་བྱས་ནས་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་སྤྱད་པའི་གཉིས་རྒོལ་གྱི་བྱ་ཐབས་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་བའི་ངོས་འཛིན་བྱས་ཤིང་། ཟླ་3ཚེས་25ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་ཐག་གཅོད་སྒྲིག་གཞིས་རི་ནེ་ཝར་འཆར་ཅན་ཚོགས་འདུ་འཚོགས་ཏེ་ཀྲུང་གོས་ཨ་རིའི་ཕམ་ཚོང་ལ་ངོ་རྒོལ་དང་ཁ་གསབ་ལ་ངོ་རྒོལ་(བསྡུས་མིང་ལ་གཉིས་རྒོལ་ཟེར )བྱེད་པའི་བྱ་ཐབས་ལ་ཞུ་གཏུག་བྱེད་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞིའི་གྱོད་གཞི་གོང་ལ་ཞུ་གཏུག་བྱེད་པའི་སྒྲིག་གཞིའི་སྙན་ཞུར་གྲོས་འཆམ་བྱས་པ་དང་གོང་ལ་ཞུ་གཏུག་བྱེད་པའི་སྒྲིག་གཞིས་སྤྱི་པའི་སྒྲིག་གཞི་དང་རྒུད་སྐྱོབ་གཉིས་འཛིན་སོགས་སྲོག་ཤིང་ཞུ་གཏུག་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་འབྲེལ་ཡོད་ཆོད་སྡོམ་རྩིས་མེད་དུ་བཏང་ནས་ཨ་རི་དང་འབྲེལ་བའི་གྱོད་གཞིའི་གཉིས་རྒོལ་བྱ་ཐབས་བཞི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འགལ་བའི་ཁྲུན་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།