ཟླ་3ཚེས་27ཉིན་ཐ་ཁེ་ཤིས་མུའུ་ཐང་ཆེན་གྱི་གོམ་བགྲོད་ཁྲོམ་གཞུང་ཐོག་རྒན་རྒོན་གཉིས་ཀྱིས་ཚོང་ཁང་གི་ཅ་ལག་གི་གོང་གཅོག་རྒྱུའི་གསལ་བརྡའི་མདུན་དུ་པར་བརྒྱབ་པ་དང་། ཉིན་དེར་དབྱི་སི་ཐེན་པུའར་ཅ་དངོས་ཉོ་སྒྲུབ་དུས་ཆེན་སྐབས་ཚོང་ལས་ཁུལ་ཆེ་གྲས་ཁག་ཏུ་གྱོན་ཆས་ངོམས་འགྲེམས་དང་རིག་གནས་འཁྲབ་སྟོན་བྱས་ཏེ་ཅ་དངོས་ཉོ་སྒྲུབ་དུས་ཆེན་གྱི་ཚ་རླབས་ཤིག་འཕྱུར་བ་བྱས་ཤིང་། 2011ལོའི་དབྱི་སི་ཐེན་པུའར་གྱི་ཅ་དངོས་ཉོ་སྒྲུབ་དུས་ཆེན་དེ་ཟླ་3ཚེས་18ནས་ཟླ་4ཚེས་26ཉིན་བར་དབྱི་སི་ཐེན་པུའར་གྱི་ཁྲོམ་ར་དང་ཚོང་ལས་ཁུལ་ཆེ་གྲས་སུ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་30%ཡན་གྱི་ས་ཁུལ་ཡོ་རོབ་དང་ཨེ་ཤེ་ཡའི་ཉམས་འགྱུར་ཟབ་མོ་ལྡན་པའི་ཅ་དངོས་ཉོ་སྒྲུབ་བྱ་ཡུལ་དུ་གྱུར་ཡོད།