ཤིན་ཧྭ་གསར་འགྱུར་ཁང་ཐི་རི་ཕོ་ལི་ནས་ཟླ་3 ཚེས་26ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ལི་པི་ཡ་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ས ·དབྱི་པུའུ་ལ་ཤིན་གྱིས་ཚེས་26 ཉིན་རྒྱལ་ཁབ་མང་པོའི་དཔུང་སྡེས་ལི་པི་ཡར་དམག་དོན་གྱི་རྡུང་རྡེག་བཏང་བ་དེ “ལྐོག་གསོད ”བྱས་པ་ཞིག་དང “ཀུན་སྤྱོད་དང་མི་མཐུན་པ་དང་ཁྲིམས་འགལ་ཞིག་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་རྒྱབ་འགལ་བྱས་པ་ཞིག་ཀྱང་རེད ”ཅེས་གསུངས་པ་རེད།
མུའུ་ས ·དབྱི་པུའུ་ལ་ཤིན་གྱིས་རྒྱལ་ཁབ་མང་པོའི་དཔུང་སྡེས་ཚེས་26 ཉིན་གྱི་མཚན་མོར་མུ་མཐུད་ལི་པི་ཡར་མཁའ་ཐོག་འཇབ་རྒོལ་བྱས་པས་ཨའེ་ཅི་ཏ་པི་ཡེ་དང་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེ་ཡི་ཕ་ཡུལ་སུའར་ཐེ་བར་གྱི་སྤྱི་ལེ་400 ཡི་གཞུང་ལམ་ཐོག་ལི་པི་ཡའི་དམག་མི་དང་མི་སེར་འབོར་ཆེན་ཞིག་སྲོག་ཤོར་ཡོད་པ་དང “མི་སེར་མང་པོ་བསད་པའི་ནང་རླངས་འཁོར་བཏང་ནས་མཁའ་ཐོག་འཇབ་རྒོལ་ལས་གཡོལ་མཁན་ཁྱིམ་ཚང་ཁག་གཅིག་ཚུད་ཡོད ”ཅེས་གསུངས་པ་རེད།
ལི་པི་ཡའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཧ་ལིས་ཏེ ·ཁ་དབྱི་མུའུ་ཡིས་ཚེས་26 ཉིན་རྒྱལ་ཁབ་མང་པོའི་དཔུང་སྡེས་མཁའ་ཐོག་འཇབ་རྒོལ་བྱས་པའི་དམིགས་ཡུལ་ནི་མི་སེར་ལ་སྲུང་སྐྱོང་བྱས་པ་དེ་མིན་པར “ལི་པི་ཡར་ནང་འཁྲུག་སློང་རྒྱུ་དེ་རེད ”ཅེས་གསུངས་པ་རེད།