ཤིན་ཧྭ་གསར་འགྱུར་ཁང་ཏུང་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་རི་པིན་གནམ་གཤིས་ཐིང་གིས་ཚེས་11ཉིན་ས་ཡོམ་བརྒྱབ་རྗེས་རི་པིན་རྒྱལ་ཡོངས་སུ་ཉུང་མཐར་ཡང་འབར་རྒྱུན་ཆད་མེད་ཀྱི་མེ་རི་13གྱི་མཐའ་འཁོར་དུ་ས་ཡོམ་རྒྱག་འགོ་ཚུགས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། རིགས་གཅིག་མཁས་ཅན་གྱིས་སླད་ཕྱིན་ཟླ་གཅིག་གཉིས་ནང་ངེས་པར་དུ་དོ་ཁུར་དམ་ཟབ་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
ས་ཡོམ་རྒྱག་མང་དུ་འགྲོ་བའི་མེ་རིའི་ཁྲོད་ཕུའུ་ཧྲི་རི་བོ་སོགས་ཚུད་ཡོད་པ་ལྟ་ཞིབ་ཚད་འཇལ་བྱས་ཡོད། དཔེར་ན་ཚེས་15ཉིན་ཕུའུ་ཧྲི་རི་བོའི་ཉེ་འཁོར་དུ་ས་ཡོམ་རིམ་པ་6.4བརྒྱབ་པ་དང་ཡོམ་ཁུངས་དེ་ཕུའུ་ཧྲི་རི་བོའི་བྲག་ཞུན་ཕུང་གསོག་ཐེབས་ཁུལ་དུ་གཏན་འཁེལ་བའི་ས་ཁོངས་དང་ཧ་ཅང་ཐག་ཉེ་པོ་ཡོད་པ་རེད།
ཅིང་ཀང་སློབ་ཆེན་གྱི་མེ་རི་རིགས་པའི་དགེ་རྒན་ཆེ་མོ་བ་ཞའོ་ཧྲན་ཀྲེན་རེན་གྱིས “ས་ཡོམ་རླབས་ཕྲེང་དང་གས་སྲུབས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཕུང་གསོག་ཐེབས་པའི་བྲག་ཞུན་ལ་གཏོར་སྐྱོན་ཕོག་ནས་མེ་རིའི་མཐའ་འཁོར་དུ་ས་ཡོམ་རྒྱག་མང་དུ་སོང་ཡོད ”ཅེས་བཤད་ཅིང་། ཁོང་གིས་ས་ཡོམ་ཆེན་པོ་བརྒྱབ་རྗེས་རི་པིན་ཤར་རྒྱུད་ཡོངས་ཀྱི་ས་ཤུན་གྱི་རྣམ་པ་བརྟན་པོ་མེད་པར་གྱུར་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།