ཟླ་3ཚེས་25ཉིན་ཐུར་ཁེའི་དབྱི་སི་ཐན་པུའར་དུ་ནང་སྦྱོང་ནང་ཞུགས་མཁན་དམག་མིས་ཐོག་རྩེ་ནས “འཇིགས་སྐུལ་པ ”གབ་སར་འཛུལ་བཞིན་ཡོད་པ།
དེ་ཉིན་ཐུར་ཁེ་དང་། ཨ་ཧྥུ་ཧན། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་གྲོང་ཁྱེར་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་ནང་སྦྱོང་གི་དངོས་འཐབ་དུས་མཚམས་དེ་ཐུར་ཁེའི་དབྱི་སི་ཐན་པུའར་དུ་མཇུག་འགྲིལ་ཞིང་། རྒྱལ་ཁབ་གསུམ་ནས་ཡོང་བའི་དམག་མི་128དེ་ཉིན་གྱི་དངོས་འཐབ་ནང་སྦྱོང་ནང་ཞུགས་ཡོད། ཐེངས་འདིའི་མཉམ་འབྲེལ་ནང་སྦྱོང་དེ་དུས་མཚམས་གསུམ་དུ་དབྱེ་ཡོད་པ་སྟེ། ཚེས་19ནས་ཚེས་24ཉིན་བར་ནང་སྦྱོང་གི་དུས་མཚམས་ཡིན་པ་དང་། ཚེས་25ཉིན་དངོས་འཐབ་ནང་སྦྱོང་བྱེད་པ། ཚེས་26ཉིན་མཐའ་མའི་ཞིབ་བཤེར་གཏན་འབེབས་དང་དཔྱད་དཔོག་བྱེད་པ་བཅས་ཡིན།