དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་སྒྲིག་གཞི་གཉིས་ཀྱིས་རིག་གནས་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་3 ཚེས་27 ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་དང་ཨ་རིའི་བྱི་རྟའི་གཞུང་ཐིག་རྒྱལ་སྤྱིའི་ལྟེ་གནས་ཀྱིས་ཉེ་ཆར་ཝ་ཧྲིང་ཐོན་དུ་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་དང་དེའི་ནང་དོན་གཙོ་བོ་ནི་ཕྱོགས་གཉིས་པོས་2011 ལོ་ནས་2015 ལོ་བར་འཁྲབ་སྟོན་གྱི་སྒྱུ་རྩལ་དང་། མཐོང་ཚོར་གྱི་སྒྱུ་རྩལ། གཡོས་སྦྱོར་གྱི་སྒྱུ་རྩལ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྣམ་གྲངས་གཞན་དག་ཐད་མཉམ་ལས་བྱ་རྒྱུ་དེ་རེད། ཨ་རིའི་བྱི་རྟའི་གཞུང་ཐིག་རྒྱལ་སྤྱིའི་ལྟེ་གནས་ཀྱི་ཀྲུའུ་ཞི་སི་ཐུའར་ཐེ ·ཧོ་ལི་ཏི་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་རིག་གནས་ཀྱི་ཟམ་པ་དེས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ནས་འབྱུང་འགྱུར་ཕྱོགས་གཉིས་པོས་ཨ་རི་དང་ཀྲུང་གོའི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུར་སྐུལ་མ་བཏང་ནས་ཀྲུང་གོ་དང་ཨ་རིའི་སྒྲིག་གཞི་གཙོ་བོའི་དབར་རྒྱན་གཏན་ཅན་དང་ལམ་སྲོལ་ཅན་གྱི་མཉམ་ལས་ཀྱི་སྟེགས་བུ་ཞིག་གཏོད་རྒྱུ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།