དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཕུའུ་ཏའོ་གྲོང་ཁྱེར་དེ་ཉིང་རྡུལ་འགྱེད་འཕྲོའི་ཉེན་ཁའི་དབང་གིས་འགྱུར་ལྡོག་འགྲོ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་3ཚེས་25ཉིན་རི་པིན་གྱི་ཕུའུ་ཏའོ་རུ་སྐྱེད་མ་ཞིག་གིས་ཕྲུ་གུ་གཉིས་ཁྲིད་དེ་ཁྲོམ་གཞུང་ནས་བསྐྱོད་ཅིང་། ཕུའུ་ཏའོ་གྲོང་ཁྱེར་ནི་རི་པིན་བྱང་རྒྱུད་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་ཕུའུ་ཏའོ་རྫོང་དེ་ལྟེ་གནས་གྲོང་ཁྱེར་ཞིག་ཡིན་པ་རེད། རྫོང་དེ་ཨ་ཝུའུ་ཝུའེ་ཁྲོན་ཆུ་བོ་དང་ཤུས་ཁྲོན་ཆུ་བོ་འབྲེལ་མཚམས་སུ་གནས་ཡོད་པ་དང་དེར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་745.9དང་མི་འབོར་ཁྲི་30ཡོད་པ་རེད། དེ་ནི་ཚོང་ལས་དར་རྒྱས་ཆེ་ཁུལ་ཞིག་ཡིན་པ་དང་དུས་མཚུངས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་ཞིང་། རི་པིན་དུ་ས་ཡོམ་ཆེན་པོ་བརྒྱབ་རྗེས་ཕུའུ་ཏའོ་ཉིང་རྡུལ་གློག་ཁང་ལའང་ས་ཡོམ་གྱི་གནོད་འཚེས་རྐྱེན་པས་ཉིང་རྡུལ་འགྱེད་འཕྲོའི་ཉེན་ཁ་འཕྲད་པ་དེས་ཕུའུ་ཏའོ་གྲོང་ཁྱེར་གྱི་མི་རྣམས་ཀྱི་འཚོ་བར་འགྱུར་ལྡོག་འགྲོ་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།