དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དམག་བརྒྱབ་པའི་དབང་གིས“ཕྲུ་གུ་ཡག་པོ”དེ་ཕྲུ་གུ་སྡུག་པོར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་3ཚེས་23ཉིན་གྱི་སྔ་དྲོ་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་ལུའུ་དབྱི་སི —མའེ་ཁོའོ་ཏེ་མཉམ་འབྲེལ་དམག་དོན་རྟེན་གཞིའི་དམག་དོན་ཁྲིམས་རས་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་གིས་ས་གནས་དེ་གའི་མི་སེར་བསད་པའི་གྱོད་གཞིར་འདྲི་ཞིབ་བྱས་ཤིང་། ལོ་ན་22ལ་སླེབས་པའི་ཨ་དམག་གི་དམག་མི་མོ་ལུའོ་ཁེས་གཡོ་ཐབས་ཀྱིས་བསད་པ་དང་། ཁྲིམས་འཛིན་བརྟག་དཔྱད་ལ་རྐང་བཙུགས་ནས་འགོག་རྐྱེན་བཟོས་པ། དུག་རྫས་ཁྲིམས་འགལ་ངང་སྤྱད་པ་སོགས་ཞུ་གཏུག་གི་རྣམ་གྲངས་མང་པོ་ཞིག་སྦ་གསང་མེད་པར་ཁས་བླངས་པ་དང་དུས་ཡུན་རིང་ཤོས་ལ་ལོ་ཉི་ཤུ་རྩ་བཞིའི་རིང་བཙོན་འཇུག་བྱེད་པའི་ཁྲིམས་ཐག་གཅོད་ཆོག་གི་ཡོད། ཨ་རིའི་སྨྱན་སྦྱོར་ཚན་པས་དེ་ནི་ཨ་ཧྥུ་ཧན་གྱི་དམག་འཁྲུག་ལངས་ཚུན་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་ལ་ཕོག་པའི་གཟབ་ནན་ཆེ་ཤོས་ཀྱི་ཉེས་དོན་ཞུ་གཏུག་ཅིག་རེད་ཅེས་བཤད་།

        མོ་ལུའོ་ཁེས་ཁྲིམས་རའི་ཐོག་ཁོ་པ་དང་ཨ་དམག་གཞན་བཞིས་ཨ་ཧྥུ་ཧན་དུ་མཉམ་དུ་གཡོ་ཐབས་བྱས་ནས་མི་བསད་པ་ཁས་བླངས་ཡོད། མི་ལྔ་པོ་དེ་དག་ནི་ཨ་ཧྥུ་ཧན་ལྷོ་རྒྱུད་ཀྱི་ཁན་ཏ་ཧ་ཞིང་ཆེན་དུ་བཅའ་སྡོད་ཨ་དམག་གི་རྐང་དམག་ཧྲི་གཉིས་པའི་ལུའི་ལྔ་པའི་དམག་མི་ཡིན་པ་དང་ཁོ་པ་ཚོས་ན་ནིང་ཟླ་བ་དང་པོ་དང་། གཉིས་པ། ལྔ་པ་བཅས་སུ་སྔ་རྟིང་དུ་ཨ་ཧྥུ་ཧན་གྱི་མི་སེར་3ལྐོག་ཏུ་བསད་པར་ཞུ་གཏུག་བྱས་པ་རེད། ན་ནིང་ཟླ་བ་ལྔ་པར་གཡོ་ཐབས་ཀྱིས་བསད་པའི་གྱོད་གཞི་གསུམ་པོ་དེ་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་གི་དམག་མིས་དུག་རྫས་འཐེན་པར་བརྟག་དཔྱད་བྱེད་རིང་དམར་རྗེན་དུ་ཐོན་པ་ཞིག་རེད། མོ་ལུའོ་ཁེས་ན་ནིང་ཟླ་བ་གསུམ་པར་ཁོ་པས་བྱས་པའི་གཡོ་ཐབས་ཀྱིས་མི་བསད་པ་དེར་འགྱོད་སེམས་སྐྱེས་མྱོང་ཡོད་ཀྱང་དེ་རྗེས་སྔར་བཞིན་ཟླ་བ་ལྔ་པར་ཐོན་པའི་གཡོ་ཐབས་ཀྱིས་མི་བསད་པའི་གྱོད་གཞི་དེའི་ནང་ཞུགས་མྱོང་ཞེས་བཤད། ནག་ཉེས་ངོས་ལེན་ཞུས་རྗེས་མོ་ལུའོ་ཁེས་རོགས་པ་གཞན་དག་འདོན་རྒྱུར་མོས་མཐུན་བྱས་ཡོད།

        ཟླ་3ཚེས་20ཉིན་འཇར་མན་གྱི 《དྭངས་གསལ་མེ་ལོང 》གཟའ་འཁོར་དུས་དེབ་ཐོག་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་གི་དམག་མི་3གྱིས་ཁོ་པ་ཚོས་གཡོལ་ཐབས་ཀྱིས་བསད་པའི་ཨ་ཧྥུ་ཧན་མི་སེར་གྱི་སྐུ་ཕུང་དང་མཉམ་དུ་བརྒྱབ་པའི་པར་གསུམ་བཀོད་ཡོད། དེའི་ནང་པར་གཅིག་གི་ཐོག་ནས་མོ་ལུའོ་ཁེས་ཁ་འཚེར་འཚེར་ངང་གནོད་འཚེ་ཕོག་མཁན་གྱི་སྐྲ་ནས་འཇུས་ཏེ་གཅུས་རིལ་བརྒྱབ་པ་མཐོང་ཐུབ། པར་ཁག་དེས་ཨ་རི་དང་ཨ་ཧྥུ་ཧན་གྱི་འབྲེལ་བར་རྡབ་རྡེག་བཏང་བ་དང་འཛམ་གླིང་ཁྱབ་ཁོངས་ནང་ཚུར་སྣང་ལན་ཆ་ཤུགས་དྲག་ཧ་ཅང་ཆེན་པོ་བྱུང་ཡོད་ལ་ཨ་ཧྥུ་ཧན་དང་ཨ་རིའི་དབར་གྱི་འབྲེལ་བར་སླར་ཡང་རྡབ་རྡེག་གསར་པ་ཕོག་ཡོད། ཚེས་21ཉིན་ཨ་རིའི་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ཨ་དམག་གི་དམག་མི་དེ་དག་གིས་ཨ་ཧྥུ་ཧན་གྱི་མི་སེར་གཡོ་ཐབས་ཀྱིས་བསད་པའི་བྱ་སྤྱོད་དེ་ནི་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་དང་ཨ་དམག་གི “ཚད་གཞི ”དང “རིན་ཐང་ལྟ་བ ”དང་འགལ་བ་ཞིག་ཡིན་པ་མ་ཟད། ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་པར་དགོངས་དག་ཐུགས་བདེན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཨ་ཧྥུ་ཧན་གྱི་མི་སེར་བསད་པའི་ནང་ཞུགས་མཁན་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་གི་དམག་མི་ལྔ་པོ་དེས་གཡོ་ཐབས་ཀྱིས་བསད་པའི་གྱོད་གཞི་དང་འབྲེལ་ཡོད་ཀྱི་པར་4000ཙམ་བརྒྱབ་ཡོད། པར་དེ་དག་ལས “མཇུག་འབྲས་ཚབས་ཆེན ”ཐོན་སྲིད་པར་བརྟེན་ཨ་རིའི་དམག་ཕྱོགས་ཀྱིས་པར་དེ་དག་དམངས་ཀྱི་མདུན་དུ་དམར་རྗེན་དུ་མི་འདོན་པའི་ཐབས་གང་ཡོད་བཏང་གི་ཡོད། འཇར་མན་གྱི “དྭངས་གསལ་མེ་ལོང ”གཟའ་འཁོར་དུས་དེབ་ཀྱིས་པར་དེ་དག་གང་འདྲ་བྱས་ནས་རག་པའི་སྐོར་གཏན་ནས་ཤོད་ཀྱི་མེད།

        དོན་དངོས་ཐོག་མོ་ལུའོ་ཁེའི་གྱོད་གཞི་ནི་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་གིས་ཉེས་མེད་མི་སེར་གང་བྱུང་དུ་བསད་པའི་ཟུར་ཙམ་ཞིག་རེད། ཉེ་ཆར་ཨ་རིས་འགོ་ཁྲིད་བྱས་པའི་བྱང་ཆིངས་དཔུང་སྡེས་ཨ་ཧྥུ་ཧན་དུ་སྤེལ་བའི་མཁའ་ཐོག་འཇབ་རྒོལ་གྱི་བྱ་སྤྱོད་རབ་དང་རིམ་པའི་ནང་མི་སེར་ཤི་རྨས་ཀྱི་གནས་ཚུལ་རྒྱུན་ཆད་མེད་པར་ཐོན་སྟབས་ཨ་ཧྥུ་ཧན་སྲིད་གཞུང་དང་བྱང་ཆིངས་དམག་དཔུང་དབར་གྱི་འབྲེལ་བ་ཛ་ཧ་ཅང་དྲག་པོ་ཞིག་ཆགས་ཡོད། ཟླ་3ཚེས་1ཉིན་བྱང་ཆིངས་ཀྱི་དམག་འཐབ་གནམ་གྲུས་ཨ་ཧྥུ་ཧན་དུ་མཁའ་ཐོག་འཇབ་རྒོལ་ཐེངས་གཅིག་བྱེད་སྐབས་ཨ་ཧྥུ་ཧན་གྱི་བུ་དགུ་བསད་ནོར་ཤོར་བའི་ནང་ལོ་ན་ཆེ་ཤོས་ལོ་12ཙམ་ལས་ཟིན་མེད། ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་རིའི་ཆེས་མཐོའི་བཀོད་འདོམས་དཔོན་ཕི་ཏི་ལུའེ་ཝུའུ་སིས་དེ་རྗེས་དགོངས་དག་ཐུགས་བདེན་ཞུས་ཀྱང་ཨ་ཧྥུ་ཧན་གྱི་ཙུང་ཐུང་ཁར་ཀྲ་དབྱིས་དགོངས་དག་ཐུགས་བདེན་ཞུས་པ་ཙམ་གྱིས་འགྲིག་ཐབས་མེད་པའི་ངོས་འཛིན་གནང་ཡོད། ཨ་ཧྥུ་ཧན་སྲིད་གཞུང་གི་མགྲིན་ཚབ་པས་བྱང་ཆིངས་དམག་དཔུང་གིས་མི་སེར་གསོད་ནོར་ཤོར་བའི་དོན་རྐྱེན་དེའི་དབང་གིས་ཨ་ཧྥུ་ཧན་དང་ཨ་རིའི་དབར་གྱི་འབྲེལ་བ་དཀའ་གནད་ཆེ་བའི་གནས་སུ་གྱར་ཡོད། ཨ་རིས་དགོངས་དག་ཐུགས་བདེན་ཞུས་པ་དང་ཁ་རྡུང་བཏང་བ་དེས་ཨ་ཧྥུ་ཧན་གྱི་མི་དམངས་ཚོའི་སེམས་ནང་གི་རྨ་ཁ་གསོ་ཐབས་བྲལ་ཅེས་བཤད།

        གཞན་ཡང་མོ་ལུའོ་ཁེའི་གྱོད་གཞི་དེ་ཐོག་ནས་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་གི་དམག་མིའི་ཁྲོད་ཀྱི་སྣང་ཚུལ་ངན་པ་དེའང་དམར་རྗེན་དུ་ཐོན་ཡོད། མོ་ལུའོ་ཁེ་རང་གིས་ཨ་ཧྥུ་ཧན་དུ་སྡོད་སྐབས་དུག་རྫས་འཐེན་མྱོང་ཡོད་ཅེས་ཁས་བླངས་ཀྱང་ཁོ་པས་བཟོས་པའི་གྱོད་གཞི་ནི་རེ་ཟུང་ཙམ་གཏན་ནས་མིན། མོ་ལུའོ་ཁེའི་ཁྲིམས་རྩོད་པ་ནེ་སེན་གྱིས་མོ་ལུའོ་ཁེ་ནི “ཕྲུ་གུ་ཡག་པོ ”ཞིག་ཡིན། ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་ལ “ལྟ་སྐུལ་དོ་དམ་དང་བཀོད་འདོམས་བྱ་རྒྱུ་མི་འདང་བ་དང་ཁོར་ཡུག་སྡུག་པོ་དེས་ཁོ་པར་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད ”ཅེས་བཤད། ཁོང་གིས་ཡ་ང་བའི་གནས་ཚུལ་དེ་ཐོན་པའི་འབྱུང་རྩ་ནི “ཨ་རིས་ནོར་འཁྲུལ་གྱི་དུས་ཚོད་ནང་བསླངས་པའི་ནོར་འཁྲུལ་གྱི་དམག་འཁྲུག་དེ་ཡིན ”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།