དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་རི་པིན་གྱི་ཞིང་ཞོར་ཐོན་ཟོག་དང་རྒྱ་མཚོའི་ཆུའི་འགྱེད་འཕྲོའི་ཚད་གཞི་ཚད་ལས་བརྒལ་བའི་ངོས་འཛིན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཟླ་3 ཚེས་23 ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ལས་འཛིན་པ་དམིགས་བསལ་བློ་འདྲི་བ་ཨན་ཏེ་ལུའུ་ཡིས་ཚེས་22 ཉིན་ཝི་ཨེན་ནར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་རི་པིན་ཕུའུ་ཏའོ་ཡི་ཉིང་རྡུལ་གློག་ཁང་དང་པོའི་ཉེ་འགྲམ་གྱི་ས་ཁུལ་ཁག་གཅིག་གི་སྔོ་ཚལ་དང་། འོ་མ། རྒྱ་མཚོའི་ཆུ་བཅས་ལ་འགྱེད་འཕྲོའི་ཚད་གཞི་ཚད་ལས་བརྒལ་བའི་གནས་ཚུལ་ཐོན་པའི་ངོས་འཛིན་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རི་པིན་གྱི་བཟའ་བཅའི་ནང་འགྱེད་འཕྲོའི་ཚད་གཞི་ཚད་ལས་བརྒལ་བའི་གནས་ཚུལ་ཐད་ཀྱི་དཔྱད་གཞིའི་ཡིག་ཆ་དེ་བས་མང་བ་དང་དེ་བས་ཞིབ་ཕྲ་འཚོལ་བསྡུ་བྱས་ཏེ་སྤྱི་དམངས་ལ་འོས་མཚམ་གྱི་སྔོན་འགོག་བྱེད་ཐབས་མཁོ་འདོན་བྱེད་བདེ་ཡོང་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།