དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁ་ཀྲ་ཕེས་ལི་པི་ཡས་ནུབ་ཕྱོགས་ཀྱི་དམག་དོན་རྡུང་རྡེག་ལ་རྩ་བ་ནས་མགོ་སྒུར་གྱི་མིན་ཞེས་བཤད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཐི་རི་ཕོ་ལི་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་22ཉིན་གྱི་དགོང་མོ་ལི་པི་ཡའི་འགོ་ཁྲིད་ཁ་ཀྲ་ཕེས་རྒྱལ་ས་ཐི་རི་ཕོ་ལིར་ལི་པི་ཡས་ནུབ་ཕྱོགས་ཀྱི་དམག་དོན་རྡུང་རྡེག་ལ་རྩ་བ་ནས་མགོ་མི་སྒུར་རྒྱུ་དང་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་བཤད་པ་རེད།

        ལི་པི་ཡའི་བཪྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཀྲ་ཕེས་དེ་ཉིན་དགོང་མོ་རང་སྡོད་སའི་ཨ་ཆི་ཆི་ཡའི་དམག་སྒར་རུ་རྔམ་སྟོན་བྱེད་མཁན་མང་ཚོགས་དང་ཐུག་འཕྲད་བྱེད་སྐབས་སྟབས་བདེའི་གཏམ་བཤད་བྱས་ཏེ “ང་ཚོར་ལོ་རྒྱུས་རང་བཞིན་གྱི་གཡུལ་འགྱེད་དེའི་རྒྱལ་ཁ་ཐོབ་རྒྱུ་ཡིན། ང་ཚོས་རྩ་བ་ནས་མགོ་སྒུར་གྱི་མིན། དུས་ཚོད་རིང་ཐུང་ལ་མི་བལྟོས་པར་ང་ཚོ་ཁོང་ཚོ་ལས་རྣམ་པར་རྒྱལ་རྒྱུ་ཡིན། ང་ཚོས་དུས་ཐུང་ངམ་ཡང་ན་ཡུན་རིང་གི་དམག་རྒྱག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས ”ཞེས་བཤད་པ་རེད།

        ཁ་ཀྲ་ཕེས་རང་ཉིད་ཀྱི་སྡོད་གནས་བརྟན་སྲུང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།