དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དབུས་ཤར་གྱི་གནད་དོན་སྔ་ཙམ་ཐག་གཅོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཅང་ཡུས་ཀྱིས་ཚེས་22ཉིན་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་དབུས་ཤར་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་དང་། གཞུང་དྲང་། རྒྱུན་མཐུད། ཞི་བདེ་བཅས་ཀྱི་སྒོ་ནས་ཐག་གཅོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

        ཅང་ཡུས་ཀྱིས་མིག་སྔར་འཛམ་གླིང་དབུས་ཤར་ཁུལ་གྱི་དུས་བབ་ལ་གཏིང་ཟབ་ལ་ཪྙོག་འཛིང་ཆེ་བའི་འགྱུར་ལྡོག་ཡོང་བཞིན་ཡོད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེ་གའི་གླེང་མང་བའི་གནད་དོན་གཞན་དང་ལྷག་དོན་དུ་ཕ་ལེ་སི་ཐན་གྱི་གནད་དོན་ལ་སྣང་ཆུང་བྱེད་རྒྱུ་མེད་ཅིང་། གནད་དོན་དེ་ནི་སྔར་བཞིན་འཛམ་གླིང་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཞིག་ཡིན་ཞེས་གསུངས་པ་དང་། ཁོང་གིས “འཛམ་གླིང་དབུས་ཤར་གྱི་བྱ་བའི་ནང་འཛམ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་གལ་ཆེའི་གནས་བབ་བཟུང་ཡོད་པས་ང་ཚོས་ས་ཁུལ་དེ་གའི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད ”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།