དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་སྒོར་མོའི་ཁུལ་གྱི་དུས་གཏན་རང་བཞིན་གྱི་རོགས་སྐྱོབ་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཡོ་རོབ་མནའ་འབྲེལ་ཁོངས་ཞུགས་རྒྱལ་ཁབ་ཁག་གི་ནོར་སྲིད་པུའུ་ཀྲང་དབར་ཡོ་རོབ་སྒོར་མོའི་ཁུལ་གྱི་དུས་གཏན་རང་བཞིན་གྱི་རོགས་སྐྱོབ་ལམ་སྲོལ་སྐོར་གྱི་ཞིབ་ཕྲའི་སྒྲོམ་གཞི་ལ་མོས་མཐུན་གཅིག་གྱུར་བྱུང་ཡོད།

        གོང་ཚེས་ཉིན་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་27གྱི་ནོར་སྲིད་པུའུ་ཀྲང་གི་དམིགས་བསལ་ཚོགས་འདུ་པུ་རུ་སེར་དུ་འཚོགས་ནས་ཡོ་རོབ་སྒོར་མོའི་ཁུལ་གྱི་དུས་གཏན་རང་བཞིན་གྱི་རོགས་སྐྱོབ་ལམ་སྲོལ་གྱི་ཞིབ་ཕྲའི་སྐོར་ལ་ཆེད་དུ་གྲོས་བསྡུར་བྱས་ཤིང་། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་དོན་གཞིར་བཟུང་མིང་ལ “ཡོ་རོབ་བརྟན་ལྷིང་ལམ་སྲོལ ”ཞེས་པའི་ཡོ་རོབ་སྒོར་མོའི་ཁུལ་གྱི་དུས་གཏན་རང་བཞིན་གྱི་རོགས་སྐྱོབ་ལམ་སྲོལ་ནི་ཡོ་རོབ་སྒོར་མོའི་ཁུལ་གྱི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཆིངས་ཡིག་བཞག་པ་བརྒྱུད་བཙུགས་པའི་སྲིད་གཞུང་དབར་གྱི་རྩ་འཛུགས་ཤིག་ཡིན་པ་དང་སྤྱི་ཁྱབ་པུའུ་ལུ་ཙེམ་པོག་ཏུ་བཙུགས་ཡོད།

        ཡོ་རོབ་མནའ་འབྲེལ་གྱི་ནོར་སྲིད་པུའུ་ཀྲང་ཚོས་ཡོ་རོབ་སྒོར་མོའི་ཁུལ་གྱི་རྒྱལ་ཁབ་ཅིག་ལ་རོགས་སྐྱོབ་བྱེད་སྐབས་མི་སྒེར་གྱི་མ་དངུལ་གཏོང་མཁན་གྱིས “འདང་ངེས ”དང “བསྡུར་ཚད་ལྟར་གྱི ”གྱོང་གུན་འཁུར་དགོས་ཀྱང་ཞིབ་ཕྲའི་བྱ་ཐབས་སོ་སོར་དམིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་གཏན་འབེབས་བྱས་པ་རེད།

        ཡོ་རོབ་སྒོར་མོའི་ཁུལ་གྱི་དུས་གཏན་རང་བཞིན་གྱི་རོགས་སྐྱོབ་ལམ་སྲོལ་འཛུགས་རྒྱུ་དེའང་ཡོ་རོབ་མནའ་འབྲེལ་གྱིས་མིག་སྔར་གྲོས་བསྡུར་བྱེད་བཞིན་པའི་བུ་ལོན་ཉམས་ཉེན་ལ་ཕྱོགས་ཡོངས་ནས་ཁ་གཏད་གཅོག་པའི་སྐོར་གྱི་ཇུས་གཞིའི་ཞིབ་ཕྲའི་ནང་དོན་གྱི་གྲས་ཤིག་ཡིན། འཆར་གཞི་ལྟར་ན་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཚེས་24དང་ཚེས་25ཉིན་འཚོག་རྒྱུ་གཏན་འཁེལ་བྱས་པའི་དཔྱིད་དུས་ཚོགས་འདུའི་ཐོག་ཕྱོགས་ཡོངས་ཀྱི་ཁ་གཏད་ཇུས་གཞི་ཆ་ཚང་དེར་གྲོས་འཆམ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།