དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བྲེལ་འཚུབ་ཆེ་ཡང་སྐྱིད་སྣང་དོད་པའི“དབུ་ལགས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བསྟན་འཛིན་ཆུང་བདག་ནི་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱི་ཞིང་པ་ཞིག་ཡིན་ཞིང་། ཁོང་ལ་ཚེམ་བུའི་ལག་རྩལ་ཡག་པོ་ཞིག་ཡོད་པར་བརྟེན་ཡུལ་དེ་གའི་མི་ཚོས “དབུ་ལགས ”ཞེས་བརྗོད་ཀྱི་ཡོད།

        བསྟན་འཛིན་ཆུང་བདག་ལོ་35ལས་ཟིན་གྱི་མེད་ཀྱང་དགེ་ཕྲུག་གསུམ་འཁྲིད་རྒྱུ་ཡོད་སྟབས་དབུ་ཆེན་གྱི་ཉམས་ལྡན་ཡོད། དེ་སྔ་ཁོང་གཞིས་རྩེའི་ཚོང་ཁང་ཞིག་ཏུ་ཚེམ་བཟོ་བ་བྱས་ནས་ལོ་4བསྡད་པ་རེད། ཞིང་བྲལ་དུས་སུ་ཁྱིམ་དུ་ལས་ཀ་བྱེད་མཁན་མི་འདང་བར་བརྟེན་གྲོང་ཁྱེར་ནང་གི་ལས་ཀ་དགོངས་ཞུ་བྱས་ཏེ་ཁྱིམ་དུ་ལོག་པ་རེད། ལོ་དེ་དག་རིང་གྲོང་མི་ཚོའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་གྱོན་ཆས་ལ་དང་དོད་ཆེ་རུ་ཕྱིན་སྟབས་ཁོང་འདྲ་བའི “དབུ་ལགས ”བྲེལ་བས་ཁེངས་བཞིན་ཡོད་པ་རེད།

        བསྟན་འཛིན་ཆུང་བདག་གིས་གསར་འགོད་པར་ཡུལ་དེ་གའི་ཞིང་པའི་གྱོན་ཆས་ཀྱི་རྒྱུ་ཆར་འགྱུར་ལྡོག་ཕྱིན་པ་མ་ཟད། བཟོ་ལྟའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། དེ་སྔ་ཆ་ཅུང་ཆེ་བའི་སྲོལ་རྒྱུན་གྱི་བཟོ་ལྟ་ནས་ལུས་ལ་འཚམ་པ་དང་གཟུགས་བྱད་མངོན་ཐུབ་པའི་བོད་ཆས་དཔེ་གསར་བར་འགྱུར་ལྡོག་བྱུང་བ་དང་ཞིབ་ཆའི་ཐད་མཐའ་ཆགས་སུ་སྐྱིང་ཁབ་གཏོང་བ་དང་དཔུང་བཟོ་འདོན་པ་སོགས་ལ་དང་དོད་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

        མི་སེར་ཚོས་གྱོན་ཆས་ལ་དོ་སྣང་ཆེན་པོ་བྱས་སྟབས་བསྟན་འཛིན་ཆུང་བདག་གི་ཡོང་འབབ་ལ་འགན་ལེན་བྱུང་ཡོད། འོང་སྐོར་འཆར་ཉེར་ཡོད་པའི་སྐབས་སུ་ཁོང་སར་གྱོན་ཆས་བཟོ་མཁན་མང་པོ་ཡོད། ཁོང་ལས་བྲེལ་ཆེ་བས་ཉིན་མོ་ཚེམ་བུ་རྒྱག་པ་སྐྱོད་པར་ཉིན་རེར་ཚེམ་གླ་སྒོར་35ཡིན་པ་དང་དགོང་མོ་དགེ་ཕྲུག་ཁ་ཤས་དང་མཉམ་དུ་མཚན་ལས་བྱས་ཏེ་འཚེམ་གྱི་ཡོད། ཁོང་གིས་གསར་འགོད་པར་དུས་རྒྱུན་ང་མི་གཅིག་གིས་ཉིན་གཅིག་ལ་བུ་མོའི་བོད་ཆས་རེ་བཟོ་ཐུབ་ཀྱི་ཡོད། གལ་སྲིད་རྒྱུ་ཆ་འཁྱེར་ནས་བཙེམ་ཚེ་བུ་མོའི་བོད་ཆས་གཅིག་གི་ཚེམ་གླ་སྒོར་60ནས་70བར་ཡིན་ཞེས་བཤད། ཁོང་གིས་ལོ་དེ་དག་ནང་གྲོང་མིའི་འཚོ་བ་ལེགས་སུ་ཕྱིན་ནས་གྱོན་ཆས་ལ་དང་དོད་བྱེད་ཀྱི་ཡོད། ང་འདྲ་བའི་ཚེམ་བུ་བ “ལས་ཀ་མང་པོ་ཡོད ”ཅེས་ཤོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།