དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་ཀྱིས་རོགས་སྐྱོར་ལས་དོན་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        གསར་འགོད་པས་ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཁྲེང་ཀོན་ཆུས་ཀྱིས་ལྷ་ས་གྲོང་ཨུད་ཀྱིས་བཏོན་པའི་རོགས་སྐྱོར་ལས་དོན་གྱི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་རྩལ་ནུས་རོགས་སྐྱོར་དང་། མ་དངུལ་རོགས་སྐྱོར། ཆ་འཕྲིན་རོགས་སྐྱོར། འཚོ་བའི་རོགས་སྐྱོར་བཅས་ཀྱི་ལས་དོན་གཏིང་ཟབ་ངང་སྤེལ་བར་བརྟེན་དཀའ་ངལ་ཡོད་པའི་མང་ཚོགས་དང་། དཀའ་ངལ་ཡོད་པའི་ཏང་ཡོན། ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་བཅས་ལ་རོགས་སྐྱོར་བྱེད་པའི་ལས་དོན་གསོན་ཉམས་ལྡན་པ་ཞིག་བྱུང་ཡོད།

        ཁྲེང་ཀོན་ཆུས་ཀྱིས་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ་བའི་ཁྲོད་དཀའ་ངལ་ཡོད་པའི་མང་ཚོགས་དང་ཏང་ཡོན་གྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ཕྱོགས་བསྡུས་མཐུན་སྦྱོར་གྱི་རོགས་སྐྱོར་སྟེགས་བུ་བསྐྲུན་པ་བརྒྱུད་སྟབས་བསྟུན་ནུས་ཆེའི་རོགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་བ་དང་འབྲེལ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བསམ་བློ་དང་། འཚོ་བ། འཕེལ་རྒྱས། སློབ་གསོ་བཅས་ཀྱི་ཐད་ནས་རོགས་སྐྱོར་ཐུབ་པ་བྱས་པ་རེད།

        རོགས་སྐྱོར་བྱེད་ཐབས་སྔར་བས་འཐུས་ཚང་དུ་གཏོང་ཆེད་ཁྲེང་ཀོན་ཆུས་ཀྱིས་རོགས་སྐྱོར་མ་ལག་གསུམ་འཐུས་ཚང་དུ་བཏང་བ་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་དམངས་འཚོར་ཞབས་འདེགས་ཞུ་བའི་ལས་ཀའི་མ་ལག་དང་། ཏང་ཡོན་གྱི་ཞབས་ཞུའི་མ་ལག གཞི་རིམ་ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་གཏོད་ཀྱི་མ་ལག་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ཞིང་། ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀྲན་ཞའོ་ཧྲེང་གིས “ང་ཚོས་སྔར་ཡོད་ཀྱི་རྨང་གཞིའི་ཐོག ‘དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་གི་ཆ་སྒྲིག་རོགས་སྐྱོབ ’དང་། ‘དམིགས་བསལ་དཀའ་ངལ་ཡོད་པའི་བུ་ཕྲུག་གི་སློབ་རོགས ’‘ལས་ཞུགས་གསར་གཏོད་ཐད་ཀྱི་རོགས་རམ ’སོགས་བྱེད་སྒོ་མུ་མཐུད་སྤེལ་ཏེ་སྔར་ཡོད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ལ་ཆ་སྒྲིག་རོགས་རམ་བྱེད་པའི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། དབུལ་སྒྲོལ་གྱི་ལས་འགན་བསྒྲུབས་ཟིན་མཁན་ལ་ལས་འགན་བཀོད་སྒྲིག་བྱ་རྒྱུ་ཡིན ”ཞེས་ངོ་སྤྲོད་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། རོགས་སྐྱོར་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ཏང་ཀྲི་པུའུ་གཅིག་གིས་དཀའ་ངལ་ཡོད་པའི་ཏང་ཡོན་གཅིག་ལ་འབྲེལ་བ་བྱེད་པའི་ལས་འགན་དོན་འཁྱོལ་བཅས་བྱ་ཆེད་ད་ཕན་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་ལོ་ལྟར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་མཐིལ་རྟོགས་བརྟག་དཔྱད་ཐེངས་གཅིག་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཆ་འཕྲིན་གཱ་དང་ཡིག་ཚགས་བཟོས་ནས་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་གཞི་རྩའི་གནས་ཚུལ་དང་རོགས་སྐྱོར་ལས་འགན་དོན་འཁྱོལ་བྱུང་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ་དུས་ཐོག་ཏུ་རོགས་སྐྱོར་གྱི་འབྲེལ་བ་ལེགས་སྒྲིག་དང་རོགས་སྐྱོར་གྱི་ལས་འགན་གསར་པ་དོན་འཁྱོལ་བྱས་ཏེ་དཀའ་ངལ་ཡོད་པའི་ཏང་ཡོན་ཚང་མར་ཏང་རྩ་འཛུགས་སམ་ཡང་ན་ཏང་ཡོན་ལས་བྱེད་པའི་རོགས་སྐྱོར་ཐོབ་རྒྱུ་འགན་ལེན་བྱས་པ་རེད། གཞན་ཡང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་གཏོད་མ་ལག་འཛུགས་རྒྱུ་ཟབ་ཏུ་བཏང་བ་དང་ནུས་པ་ལྡན་པའི་དོན་གཅོད་ཁྲུའུ་ཡི་གཞི་རིམ་ཏང་རྩ་འཛུགས་དང་ཉམས་ཞན་གཞི་རིམ་ཏང་རྩ་འཛུགས་དབར་ཆ་སྒྲིག་མཉམ་གཏོད་བྱས་ཏེ་ཁྲེང་ཀོན་ཆུས་ཀྱི་ཉམས་ཞན་གཞི་རིམ་ཏང་རྩ་འཛུགས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།