དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དགོས་ངེས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དམངས་ཀྱི་འཚོ་གནས་བདེ་འཇགས་ཡོང་བ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་མེ་གསོད་དཔུང་སྡེས་སྐོར་སྐྱོད་དྲིལ་བསྒྲགས་རུ་ཁག་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དེ་ཁོངས་ཀྱི་སྡེ་ཁུལ་དང་གྲོང་གསེབ་ཏུ་ཕྱིན་ནས་རྒྱ་ཆེའི་མང་ཚོགས་ལ་རྒྱ་ཁྱབ་ངང་ཁྱིམ་ཚང་གི་མེ་གསོད་དང་། བྲོས་ཐབས། རང་སྐྱོབ་བཅས་ཀྱི་ཤེས་བྱ་དང་རྩལ་ནུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་འབྲེལ་མི་སྣ་སྒྲིག་འཛུགས་ཀྱིས་དངོས་སུ་མེ་གསོད་སྟངས་དང་ཁ་གྲམ་ནས་བྲོས་སྟངས་སོགས་ཀྱི་སྦྱོང་བརྡར་ཡང་སྤྲས་ཤིང་། དེ་བཞིན་ཡི་གེ་དང་པར་རིས་མཉམ་སྤྱོད་ཀྱི་ཐོག་ནས་མེ་གསོད་ཚགས་པར་བཀྲམས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྡེ་ཁུལ་དང་གྲོང་གསེབ་ཀྱི་མེ་སྐྱོན་སྔོན་འགོག་གི་རྨང་གཞི་བརྟན་དུ་གཏོང་གི་ཡོད་ལགས། པར་གཉིས་པོ་ནི་དྲིལ་བསྒྲགས་མི་སྣས་གྲོང་ཁྱེར་དེའི་བཀྲ་ཤིས་སྐྱེད་ཚལ་ཨུ་ཡོན་ལྷན་ཁང་དུ་མེ་གསོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།