དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཟླ་དང་པོ་ནས་བདུན་པ་བར་བོད་ཀྱི་དམངས་འཚོའི་གཙོ་གནད་ཐད་གཏོང་སྒོ་སྒོར་དུང་ཕྱུར་251ལོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        གསར་འགོད་པར་ཚེས་17ཉིན་འཚོགས་པའི་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་ཟླ་དང་པོ་ནས་བདུན་པ་བར་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་35.26ལོན་པ་དེ་ན་ནིང་དུས་མཚུངས་ལས་64.97%འཕར་བ་དང་། རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་332.39ལོན་པ་དེ་ན་ནིང་དུས་མཚུངས་ལས་30.06%འཕར་བ་དེའི་ནང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་གཙོ་གནད་ཐད་གཏོང་སྒོ་ཁག་སྒོར་དུང་ཕྱུར་251ལོན་ནས་དུས་མཚུངས་ལས་39.64%འཕར་བ་དེས་སྤྱིར་བཏང་སྔོན་རྩིས་གཏོང་སྒོའི་བསྡུར་ཚད་བཟུང་ཚད་75.99%ལོན་ཐོག་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་རེད།

        འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་གི་འཁོར་རྒྱུག་སྤྱི་ཡོངས་ནས་བཟང་བ་དང་། སྤྱིར་བཏང་སྔོན་རྩིས་ཡོང་འབབ་མགྱོགས་མྱུར་འཕར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་པ། ཡོང་འབབ་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་སོང་བ། གཏོང་སྒོའི་ཐད་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ཚན་རིག་དང་མཐུན་པ་དང་ལུགས་མཐུན་ངང་བཀོད་སྒྲིག་བྱས་པ། དམངས་འཚོ་སོགས་ཀྱི་གཏོང་སྒོ་འཕར་ཤུགས་ཆེ་བ། སྤྱི་པའི་ནོར་སྲིད་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

        ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་འདི་ལོའི་ལོ་མཇུག་གི་ཟླ་བ་ཁ་ཤས་ནང་ནོར་སྲིད་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ་གཙོ་གནད་གཏོང་སྒོ་འགན་ལེན་ཡག་པོ་བྱེད་པ་དང་ནོར་སྲིད་ཀྱི་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། “ཞིང་གསུམ ”ལ་གཏོང་ཆ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ། དམངས་འཚོར་མུ་མཐུད་དོ་ཁུར་བྱས་ཏེ་སྤྱི་ཚོགས་བྱ་གཞག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ། ནོར་སྲིད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནོར་སྲིད་ཐད་ཚན་རིག་ཅན་དང་ཞིབ་ཕྲ་ཅན་གྱི་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ནོར་སྲིད་འཆར་གཞི་བཟོ་བའི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།