དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་དོན་འདྲི་བ་དང་། བྱ་བ་དངོས་སྒྲུབ་པ། འཕེལ་རྒྱས་གཏོང་རོགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་བ་ནས་བཟུང་། མེ་ཏོག་རྫོང་སྟག་མོ་ཤང་གུང་རི་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་ས་ཁུལ་སྤྱི་བདེ་ཁྲུའི་ལས་དོན་ཚོགས་ཆུང་གིས་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་ནས་དམངས་དོན་འདྲི་བ་དང་། བྱ་བ་དངོས་སྒྲུབ་པ། འཕེལ་རྒྱས་གཏོང་རོགས་བཅས་བྱས་ནས་བསམ་པ་རྣམ་དག་གིས་གྲོང་མིར་ཞབས་འདེགས་ཞུས་སྟབས་གྲོང་མིའི་བསྔགས་བརྗོད་ཐོབ་པ་རེད། གུང་རི་གྲོང་ཚོར་བཅའ་སྡོད་བྱས་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས “ཡོང་ཐུབ་པ་དང་། སྡོད་ཐུབ་པ། གསལ་པོ་རྟོགས་པ ”བཅས་ཀྱི་རྩ་དོན་ལ་གཞིགས་པ་དང་། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་པ། གྲོང་དོན་དམངས་འདོད་བརྟག་དཔྱད་བྱེད་པའི་ལས་དོན་ཧུར་ཐག་ངང་སྤེལ་བ་བཅས་བྱས་ཏེ་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་འདྲི་རྩད་བྱེད་པ་དང་། གྲོང་ཚོའི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ། མི་རེ་རེ་བྱས་ནས་གླེང་མོལ་བྱེད་པ། ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱེད་པ་སོགས་བྱེད་སྟངས་སྣ་ཚོགས་སྤྱད་དེ་གུང་རི་གྲོང་ཚོའི་གནས་ཚུལ་མདོར་བསྡུས་དང་གྲོང་ཚོ་དེ་གའི་མང་ཚོགས་ཀྱིས་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཤེས་རྟོགས་བྱེད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་ཉན་པ། མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་བྱེད་པ་བཅས་བྱས་ནས་གསལ་པོ་མཐོང་བ་དང་། གསལ་པོ་ཉན་པ། གསལ་པོ་རྟོགས་པ་བཅས་བྱས་ཡོད། འདྲི་རྩད་བྱེད་པའི་བརྒྱུད་རིམ་ནང་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་གྲོང་ཚོ་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་9དང་། འགན་ལེན་ལྔའི་དུད་ཚང་། ནད་གཞི་ལྕི་པོ་ཕོག་པའི་མི་ཧྲེང་བཅས་ལ་ཁྱོན་བསྡོམས་འཚམས་འདྲིའི་དངུལ་སྒོར་6800སྤྲད་པ་རེད།

        གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་འདྲི་རྩད་དང་བརྟག་དཔྱད་བྱས་པ་བརྒྱུད་ལྷག་པའི་གནད་དོན་མངོན་གསལ་དོད་པོ་རྩད་ཆོད་པ་དང་འབྲེལ་རྫོང་དང་། ཤང་། གྲོང་ཚོ་བཅས་དང་མཉམ་དུ་གྲོས་བསྡུར་བྱས་ནས་ངོས་འཛིན་གཅིག་མཐུན་བྱུང་བ་རེད། གྲོང་ཚོ་དེ་གའི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམིགས་ནས་ལས་དོན་ཚོགས་ཆུང་གིས་གུང་རི་གྲོང་ཚོར “ཞིང་པའི་དཔེ་དེབ་ཁང ”སྐྲུན་རོགས་བྱས་ཏེ་གུང་རི་གྲོང་ཚོའི་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་གྲོང་མིའི་རིག་གནས་ཆུ་ཚད་མཐོ་རུ་བཏང་། གུང་རི་གྲོང་ཚོའི་འབྲས་ཞིང་ལ་ལྕགས་དྲ་སྨི་300སྐོར་རོགས་བྱས་པས་འབྲུ་རིགས་དང་སྐྱེ་དངོས་འཚར་སྐྱེས་ཡོང་རྒྱུར་སྲུང་སྐྱོང་ནུས་ལྡན་བྱས་པ། གྲོང་ཚོ་དེ་གར་གསང་སྤྱོད་2སྐྲུན་རོགས་བྱས་ནས་གྲོང་ཚོ་དེ་གའི་གྲོང་མིའི་གཙང་སྦྲའི་གོམས་གཤིས་འགྱུར་ལྡོག་གཏོང་རྒྱུར་ཕན་པ་ཐོན་ཡོད་ལ་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་ཕྱོགས་ཐོན་བྱ་རྒྱུར་ཕན་པའང་ཐོན་ཡོད། གྲོང་མིར་ཡུར་བུ་སྐྲུན་རོགས་བྱས་ཏེ་ཆར་ཆུ་ཅུང་མང་བའི་རྐྱེན་གྱིས་རི་ཉིལ་བའི་མངོན་མེད་རྐྱེན་ངན་ཕན་འབྲས་ཐོན་པའི་སྒོ་ནས་ཐག་གཅོད་བྱས་པ་དང་གྲོང་ཚོ་དེའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་པ། གུང་རི་གྲོང་ཚོར་ཞིང་ལས་འདེབས་འཛུགས་དང་ཕྱུགས་རིགས་གསོ་ཚགས་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཁག་གཅིག་སྤྲད་ནས་གྲོང་ཚོ་དེ་གའི “ཞིང་པའི་དཔེ་དེབ་ཁང ”ཕུན་སུམ་ཚོགས་སུ་གཏོང་རོགས་བྱས་པ་དང་གྲོང་མིས་བསམ་པའི་རྒྱགས་ཕྱེ་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་པ་བཅས་རེད།

        ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། ལས་དོན་ཚོགས་ཆུང་གིས་གུང་རི་གྲོང་ཚོར་གདུགས་གཟུགས་སྔོ་ཚལ་དྲོད་ཁང་ཆེ་མོ་སྐྲུན་རོགས་བྱ་རྒྱུར་ཐག་བཅད་དེ་གྲོང་ཚོར་སྔོ་ཚལ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་རོགས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་བྱེད་ཀྱི་ཡོད། ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་པ་བརྒྱུད་ལས་དོན་ཚོགས་ཆུང་གིས་གུང་རི་གྲོང་ཚོར་སྨི་གྲུ་བཞི་མ་320ཡོད་པའི་གདུགས་གཟུགས་དྲོད་ཁང་ཆེ་མོ་2སྐྲུན་རོགས་བྱས་པ་རེད། གུང་རི་གྲོང་ཚོས་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་རྒྱུ་གཙོ་བོར་བྱས་པར་བརྟེན་གྲོང་མིའི་ཡོང་འབབ་ཉུང་བ་དང་། རྒྱུན་དུ་ཆར་ཆུ་མང་བས་སྔོ་ཚལ་རིགས་ཆུང་ཙག་ཀྱང་གསོ་ཐུབ་ཀྱི་མེད། འོན་ཀྱང་སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་རྗེས་ཚོད་རྩིས་ལྟར་ན་ལོ་གཉིས་ནང་མ་རྩ་བསྡུ་ཐུབ་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱང་སྒོར་400མང་དུ་འགྲོ་ཐུབ་ཅིང་། མིག་སྔར་གདུགས་གཟུགས་སྔོ་ཚལ་དྲོད་ཁང་ཆེ་མོ་སྐྲུན་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།