དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ཞིང་ཕན་དངུལ་འཛིན”ལ་གྲ་ནང་གི་འབྲུ་རིགས་འདེབས་མཁན་དུད་ཚང་གི་དགའ་བསུ་ཟབ་མོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        འབྲུ་རིགས་འདེབས་འཛུགས་བྱེད་པའི་གསབ་དངུལ་དུས་ཐོག་དང་གྲངས་འབོར་ཚང་བའི་ངང་འབྲུ་རིགས་འདེབས་མཁན་དུད་ཚང་ལ་སྤྲོད་རྒྱུ་འགན་ལེན་བྱ་ཆེད་ཉེ་ཆར་གྲ་ནང་རྫོང་གིས་དེ་སྔའི་འབྲུ་རིགས་འདེབས་འཛུགས་ཀྱི་ཐད་ཀའི་གསབ་དངུལ་དང་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་གསབ་དངུལ་སོགས་ཞིང་ཕན་མ་དངུལ་ཁག་སྤྲོད་སྟངས་འགྱུར་ལྡོག་བཏང་ནས “ཞིང་ཕན་དངུལ་འཛིན ”བརྒྱུད་ཞིང་ཕན་གསབ་དངུལ་ཁག་ཐད་ཀར་འབྲུ་རིཌ་འདེབས་མཁན་དུད་ཚང་ལ་སྤྲད་པས་འབྲུ་རིགས་འདེབས་མཁན་དུད་ཚང་གི་དགའ་བསུ་ཐོབ་པ་རེད།

        “ཞིང་ཕན་དངུལ་འཛིན ”གྱིས་གསབ་དངུལ་སྤྲོད་པའི་གོ་རིམ་ཚད་ལྡན་དང་སྟབས་བདེར་བཏང་བ་མ་ཟད་རྩ་བའི་ཆ་ནས་བཙན་ཉར་དང་། འཐེན་ཉར། སྒེར་སྤྱོད་སོགས་ཁྲིམས་འགལ་དོན་རྐྱེན་ཐོན་རྒྱུ་གཏན་འགོག་བྱས་པས་ཞིང་ཕན་གསབ་དངུལ་དེ་མྱུར་ལ་ཉེན་མེད་ངང་རྫོང་དེ་ཡོངས་ཀྱི་ཞིང་དུད་ཁྲི་3.4ལྷག་ཙམ་ལ་ཐད་ཀར་རགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།