དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་སྔར་བས་ཁ་གསལ་དུ་གཏོང་ཆེད་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ཚོགས་ཆུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མངའ་རིས་ས་ཁུལ་མཚོ་ཆེན་གྲོང་རྡལ་ཆུ་བྱང་གྲོང་ཚོའི་རྒྱ་ཆེའི་མང་ཚོགས་སྒྲིག་འཛུགས་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་མཚོ་ཆེན་གྲོང་རྡལ་གྱི་ས་ཆ་བཅོས་སྒྲིག་རྣམ་གྲངས་ཁུལ་གསར་སྤེལ་བྱས་པ་དང་འབྲེལ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་ཕྱུགས་གསོའི་མཐུན་ཚོགས་བཙུགས་པ་དེའི་རྣམ་གྲངས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་1.25ཟིན་ཡོད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཆུ་བྱང་གྲོང་ཚོའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་ནུས་ལྡན་ངང་མང་དུ་ཕྱིན་ཡོད་ཅིང་། འདི་ནི་གྲོང་ཚོར་བཅའ་སྡོད་ལྗོངས་ཞིབ་དཔྱོད་ཁང་གི་ལས་དོན་ཚོགས་ཆུང་གི་ཁོངས་མི་དང་མཚོ་ཆེན་གྲོང་རྡལ་ཆུ་བྱང་གྲོང་ཚོའི་ལས་བྱེད་པས་མཚོ་ཆེན་གྲོང་རྡལ་ས་ཆ་བཅོས་སྒྲིག་རྣམ་གྲངས་ཁུལ་དུ་བསྐྱོད་ནས་ལ་ཕུག་དང་ཞོག་ཁོག་སོགས་ཀྱི་སྐྱེ་ཚུལ་ལ་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།