དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་ཀྱིས་ཆུ་བེད་མ་ལག་ཆེ་གྲས་བཞིའི་འཛུགས་སྐྲུན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཆུ་བེད་སྡེ་ཚན་ནས་ཤེས་རྟོགས་བྱས་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་སུ་དམངས་འཚོའི་ཆུ་བེད་འཕེལ་རྒྱས་དང་། རྐང་འཛིན་ཆུ་བེད་ལས་གྲྭ ཆུའི་སྣོད་བཅུད་སྲུང་སྐྱོབ། ཆུ་བེད་དོ་དམ་འགན་ལེན་བཅས་ཆུ་བེད་མ་ལག་ཆེ་གྲས་བཞི་བསྐྲུན་རྒྱུ་ལེགས་སྒྲུབ་བྱས་ཏེ་བོད་ཀྱི་ཆུ་བེད་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་རེད།

        དམངས་འཚོའི་ཆུ་བེད་འཕེལ་རྒྱས་མ་ལག་ལས་གྲྭ་དེས་ཞིང་འབྲོག་པའི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་དང་སྒྲིག་གཞི་ཚང་བའི་གྲོང་ཁྱེར་དང་གནད་དོན་མངོན་གསལ་དོད་པའི་རྫོང་རིམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་རྒྱུ་དང་གྲོང་གསེབ་ཏུ་ཆུ་གློག་ཁྱབ་པའི་ཁྱབ་ཁོངས་ནང་ཤང་དང་གྲོང་རྡལ་དུ་གློག་ཤར་གཏོང་ཐུབ་ཚད་100%དང་མི་འབོར་ལ་གློག་ཤར་གཏོང་ཐུབ་ཚད་90 %ཡན་ལོན་པ་བྱ་རྒྱུ་རེད།

        རྐང་འཛིན་ཆུ་བེད་ལས་གྲྭའི་མ་ལག་གིས་བོད་ཀྱི་མཆོངས་སྐྱོང་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་པའི་རྐང་འཛིན་ཆུ་བེད་ལས་གྲྭ་ཁག་གཅིག་བསྐྲུན་ནས་ལས་གྲྭས་ཆུ་མཁོ་འདོན་བྱེད་ནུས་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་7ཙམ་འཕར་བ་བྱ་རྒྱུ་རེད།

        ཆུའི་སྣོད་བཅུད་སྲུང་སྐྱོང་མ་ལག་གིས་ས་ཆུ་ཤོར་རྒྱུ་ཕྱོགས་བསྡུས་བཅོས་སྒྲིག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1000ཁ་སྣོན་རྒྱག་རྒྱུ་དང་གལ་ཆེའི་གཙང་པོ་དང་མཚེའུ་ཡི་ཆུ་མཛོད་ཀྱི་ཆུ་ནུས་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་80%ཡན་ལ་སླེབས་པ་བྱ་རྒྱུ་རེད།

        ཆུ་བེད་དོ་དམ་འགན་ལེན་མ་ལག་གིས་བོད་ཀྱི་ཆུ་བེད་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམས་པའི་ཆུ་བེད་ཀྱི་དོ་དམ་ལས་ཁུངས་དང་ཆུ་བེད་ཤེས་ལྡན་པའི་དཔུང་ཁག་འཐུས་ཚང་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ཆུའི་ཐོན་ཁུངས་དོ་དམ་ལམ་སྲོལ་དང་ལུགས་དང་མཐུན་པའི་ཆུ་རིན་ཆགས་པའི་ལམ་སྲོལ་དང་ཕུགས་ཕན་གྱི་ཆུ་དོ་དམ་ཚན་པའི་འཁོར་སྐྱོད་སྲོལ་ལམ་བཅས་བཙུགས་ཏེ་ཆུ་བེད་དོ་དམ་བྱེད་ནུས་དང་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།