དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀོང་པོ་རྒྱ་མདའ་རྫོང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་ཆར་གསར་འགོད་པས་ཉིང་ཁྲི་ས་ཁུལ་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཚོར་བཅའ་སྡོད་ཀོང་པོ་རྒྱ་མདའ་རྫོང་གི་རིམ་ཁག་ལས་དོན་ཚོགས་ཆུང་གིས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུར་གཞི་བཙུགས་ནས་མང་ཚོགས་ཁྲོད་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་དྲི་བ་དང་། དམངས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ། དམངས་ཀྱི་འཁང་ར་སེལ་བ། དམངས་ཀྱི་དོགས་གཞི་སེལ་བ། དམངས་སེམས་དྲོ་བ་བཅས་བྱས་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་གཏིང་ཟབ་དང་ཕན་འབྲས་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་ངང་བཏང་ཡོད་པ་རེད།

        མང་ཚོགས་ཁྲོད་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་དྲིས་ཤིང་། གྲོང་ཚོར་བཅའ་སྡོད་ཀོང་པོ་རྒྱ་མདའ་རྫོང་གི་རིམ་ཁག་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་ཀྱིས་སྣེ་འཁྲིད་དེ་བཅར་འདྲི་བྱེད་པ་དང་། དུས་བཀག་བཞིན་བཅར་འདྲི་བྱེད་པ། གཞན་བརྒྱུད་བཅར་འདྲི་བྱེད་པ་བཅས་དང་བཅར་འདྲིའི་ཟུར་བཙུགས་རྩིས་ཁྲ་འཛུགས་པ་བཅས་ཀྱི “བཅར་འདྲི་གསུམ་དང་གཅིག་འཛུགས་པའི ”བྱེད་ཐབས་སྤྱད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་དང་སྙིང་གཏམ་ཤོད་རེས་ཀྱིས་མང་ཚོགས་ཚོས་གང་ཞིག་ལ་བསམ་བློ་གཏོང་བ་དང་། གང་ཞིག་ལ་སེམས་ཁྲལ་བྱེད་པ། གང་ཞིག་རེ་སྒུག་བྱེད་པ་བཅས་ཁོང་དུ་གང་ལེགས་ཆུད་ཐུབ་པ་བྱས་ཐོག་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཁག་ནུས་ལྡན་ངང་སྤེལ་རྒྱུར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

        མང་ཚོགས་ཁྲོད་དུ་བསྐྱོད་དེ་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ཀོང་པོ་རྒྱ་མདའ་རྫོང་གི་ལས་དོན་ཚོགས་ཆུང་གིས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་ཐོན་སྐྱེད་འཕེལ་རྒྱས་དང་། བརྟན་ལྷིང་སྲུང་སྐྱོང་། མེ་ཟོན་གེགས་སེལ། སློབ་མཚམས་འཇོག་རྒྱུ་ཚོད་འཛིན་སོགས་བྱེད་པའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་མང་ཚོགས་ཀྱི་དཀའ་ངལ་དངོས་ནུས་པས་ལྕོགས་ཚོད་ངང་ཐག་གཅོད་བྱེད་རོགས་བྱས་པས་མང་ཚོགས་ཚོའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་མ་ཟད། མང་ཚོགས་དང་ལས་བྱེད་པའི་དབར “སེམས་སྦྲེལ་ཟམ་པ ”ཞིག་ཀྱང་བཙུགས་ཡོད་ཅིང་། མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་ཁག་གིས་དམངས་དོན་དུ་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་202བསྒྲུབས་པར་ཁྱོན་མ་དངུལ་སྒོར་ཁྲི་716.1བཏང་ཡོད་པ་རེད།

        མང་ཚོགས་ཁྲོད་དུ་བསྐྱོད་དེ་དམངས་ཀྱི་འཁང་ར་བསལ་ཞིང་། གྲོང་ཚོར་བཅའ་སྡོད་ཀོང་པོ་རྒྱ་མདའ་རྫོང་གི་ལས་དོན་ཚོགས་ཆུང་གིས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་སྙིང་གཏམ་ཤོད་རེས་བྱས་ནས་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་བའི་ལས་དོན་ནན་ཏན་ངང་བསྒྲུབས་ནས་འགལ་བ་དང་རྩོད་གཞི་ཧུར་ཐག་བསལ་ཡོད་པ་དང་མིག་སྔའི་བར་འགལ་བ་དང་རྩོད་གཞི་ཁག་43གྲལ་བཤེར་བྱས་པ་དང་ཁག་25འདུམ་འགྲིག་ཐག་གཅོད་བྱས་ནས་ཞིང་འབྲོག་ཁུལ་གྱི་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

        མང་ཚོགས་ཁྲོད་དུ་བསྐྱོད་དེ་དམངས་ཀྱི་དོགས་གཞི་བསལ་ཞིང་། གྲོང་ཚོར་བཅའ་སྡོད་ཀོང་པོ་རྒྱ་མདའ་རྫོང་གི་ལས་དོན་ཚོགས་ཆུང་གིས་ངོ་ཐུག་གདོང་འཕྲད་ངང་དྲིལ་བསྒྲགས་བྱེད་པ་དང་། ཚོགས་འདུའི་ཐོག་གཅིག་སྡུད་ངང་སྒྲོག་སྦྱངས་བྱེད་པ། དྲིལ་བསྒྲགས་ལག་དེབ་པར་འགྲེམས་བྱེད་པ་སོགས་ཀྱི་ཐབས་ལམ་མང་པོ་སྤྱད་ནས་མང་ཚོགས་ལ་ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་ཁུལ་ལ་རྒྱབ་སྐྱོར་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཐེངས་297བྱས་པ་དང་མང་ཚོགས་མི་ཐེངས་23897ལ་སློབ་གསོ་བཏང་ཡོད་པ་དང་། ཞིང་འབྲོག་ལག་རྩལ་མི་སྣ་གདན་ཞུ་བྱས་ནས་ལག་རྩལ་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་དཔེ་སྟོན་བྱེད་པའི་བྱ་ཐབས་སྤྱད་ནས་ཞིང་འབྲོག་མང་ཚོགས་ལ་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་འདེབས་འཛུགས་བྱེད་པ་དང་། འབྲས་ཤིང་འདེབས་གསོ་བྱེད་པ། བོད་ཕག་གསོ་ཚགས་བྱེད་པ། ཡུལ་སྐོར་ཞབས་ཞུ་བྱེད་པ་སོགས་ཐད་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་1989བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་སྦྲགས་གོ་བདེ་ཤེས་སླའི་སྐད་ཆ་དང་གསོན་ཉམས་དོད་པའི་གྱོད་དཔེའི་ཐོག་ནས་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་སྦྱངས་བྱས་ཐོག་མང་ཚོགས་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་བཏང་ཡོད་པ་རེད།

        མང་ཚོགས་ཁྲོད་དུ་བསྐྱོད་དེ་དམངས་སེམས་དྲོ་བར་བྱས་ཤིང་། ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་རིང་གྲོང་ཚོར་བཅའ་སྡོད་ཀོང་པོ་རྒྱ་མདའ་རྫོང་གི་ལས་དོན་ཚོགས་ཆུང་གིས “ཁྱིམ་ཚང་བརྒྱ་རུ་བསྐྱོད་དེ་དྲོ་སྐྱིད་སྦྱིན་པའི ”བྱེད་སྒོ་སྤེལ་ནས་འགན་ལེན་ལྔའི་དུད་ཚང་དང་། མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་། རྒན་གྲས་གསུམ་དང་ཏང་ཡོན་རྒན་གྲས་763ལ་སྔ་རྗེས་སུ་འཚམས་འདྲི་དང་འཚམས་འདྲིའི་དངུལ་སྒོར་ཁྲི་37.2སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།