དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “གཉིས་རོགས་གཅིག”ནས“གཅིག་རོགས་གཅིག”བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའི་ཁྲོམ་གཟིགས་ཁང་སྡེ་ཁུལ་གྲོང་ལྷན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་ལས་དོན་པས (གཡོན་གྱི་དང་པོ )རོགས་སྐྱོར་བྱ་ཡུལ་གྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་ཡོད་པ།

        “ཁྱེད་ཀྱི་ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ། འཚོ་བའི་ཡོང་ཁུངས་གཙོ་བོ་གང་ཡིན་ནམ། མིག་སྔར་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གང་དང་གང་འདུག་གམ ”ཞེས་ཟླ་8ཚེས་11ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་ཉེན་རྟོག་ལས་བྱེད་པ་ཁང་མེ་ཡིས་རོགས་སྐྱོར་བྱ་ཡུལ་ཨ་མ་རྒན་མོར་སྐད་ཆ་འདྲི་སྐབས “ཁྱིམ་དུ་རང་ཉིད་དང་ཚ་མོ་ལས་མེད། ཚ་མོ་ནང་སའི་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་སོང་། སློབ་གྲྭ་ཚུགས་གྲབས་འདུག ཡིན་ནའི་སློབ་ཡོན་ད་དུང་གྲ་སྒྲིག་ཐུབ་མ་སོང་། རང་ཉིད་ལོ་73ལ་སླེབས་སོང་། རྒྱུན་དུ་མ་མཐའི་འཚོ་བ་འགན་ལེན་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་རང་ཉིད་ཚ་མོའི་སློབ་ཡོན་ཐད་སེམས་ཁྲལ་ཆེན་པོ་འདུག ཚ་མོ་སློབ་གྲྭ་ཆེ་མོར་གཏོང་དགོས་བསམ་བྱུང ”ཞེས་ཨ་མ་རྒན་མོའི་མིག་དམར་པོར་འགྱུར་བཞིན་དུ་མཆི་མ་དབང་མེད་དུ་ཤོར། ཁང་མེ་ཡིས་འཕྲལ་མར་ཤོག་བུ་བཏོན་ནས་ཨ་མ་རྒན་མོའི་མིག་ཆུ་ཕྱིས་པ་མ་ཟད་ཐབས་ཤེས་ཡོད་རྒུ་བཏོན་ནས་ཁོང་ཚོར་རོགས་རམ་བྱ་རྒྱུའི་སེམས་གསོ་བཏང་།

        ཉིན་དེར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་ཉེན་རྟོག་ལས་བྱེད་པ་29ཁྲོམ་གཟིགས་སྒང་སྡེ་ཁུལ་དང་། བསྟན་རྒྱས་གླིང་སྡེ་ཁུལ། ཀླུ་སྒུག་སྡེ་ཁུལ་བཅས་སུ་ཡོང་ནས་དུད་ཚང་དབུལ་པོ་29དང་“གཅིག་རོགས་གཅིག ”གི་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ་རེད། ཉེན་རྟོག་ལས་བྱེད་པ་ཚོས་དུད་ཚང་དབུལ་པོར་འབྲས་དང་། གྲོ་ཞིབ། སྣུམ་སོགས་རིན་ཐང་སྒོར་14500རི་བའི་འཚོ་བའི་མཁོ་ཆས་བསྐྱལ་བ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཁང་དེས་མིག་སྔར་སྤེལ་བཞིན་པའི “གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ ”དང “སྲོལ་རྒྱུན་དར་སྤེལ་དང་། དད་སེམས་བརྟན་གཏོང་། དམངས་དོན་དུ་ཁྲིམས་འཛིན་པ ”དང “ཟོལ་མེད་དང་དམངས་བརྩེའི ”བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་པ་མ་ཟད། ཁྲེང་ཀོན་ཆུས་ཀྱི “གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག་འདུ་འགོད ”ཀྱི་བཀོད་སྒྲིག་དང་ཞིབ་ཕྲའི་བླང་བྱ་གཞིར་བཟུང་སྤེལ་བའི་རོགས་སྐྱོར་གྱི་བྱེད་སྒོ་གཞན་ཞིག་རེད། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རོགས་སྐྱོར་གྱི་ཕན་འབྲས་ཏན་ཏིག་ངང་ཆེ་རུ་གཏོང་ཆེད་ཁང་དེའི་ཏང་ཨུད་ཀྱིས་དེ་གོང་གི “གཉིས་རོགས་གཅིག ”ལ་ཕྱོགས་སྡོམ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་རེས་སྐོར་གསར་པའི “གཅིག་རོགས་གཅིག ”ལ་བསྒྱུར་བ་རེད། རྒྱ་ཆེའི་ཉེན་རྟོག་ལས་བྱེད་པ་ཚོས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ལ་བརྟེན་ནས་དབུལ་སྐྱོར་བྱ་ཡུལ་ལ་རོགས་སྐྱོར་བྱས་ཏེ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུའི་རྟགས་མཚན་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།