དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདི་ལོའི་ལོ་སྟོད་དུ་ནག་ཆུ་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་བའི་ལོ་ཤས་ནང་ནག་ཆུ་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཆེ་རུ་གཏོང་རྒྱུ་དེ་དམིགས་ཡུལ་གཙོ་བོར་བྱས་ཁར། བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་བློ་རྩེ་གཅིག་སྒྲིམ་གྱིས་ཐོན་སྐྱེད་གོང་འཕེལ་གཏོང་བའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཡང་དག་པ་བྱས་པས་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ་རེད། ལྷག་པར་དུ་འདི་ལོ་ལོ་སྟོད་དུ་ས་ཁུལ་དེས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཤུགས་སྣོན་དང་ཤང་ཚང་མར་སྐུལ་འདེད་གཏོང་བ་དང་དུས་མཚུངས་རྒྱལ་ཁབ་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་རྣམ་གྲངས་མ་འཇོག་ཤུགས་ཆེ་རུ་དང་། ཞིང་འབྲོག་ལས་ཀྱི་དཔལ་འབྱོར་གཉེར་སྐྱོང་བྱེད་རོགས་བྱེད་པ། སྣེ་མང་ཐོན་ལས་འཕེལ་རྒྱས། ཚོང་རྟགས་འདུ་ཤེས་ཟབ་མོ་འཛུགས་པ་བཅས་བྱས་སྟབས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་མ་འཇོག་ཐད་ཕན་འབྲས་ཆེན་པོ་ཐོན་པ་རེད།

        རའི་ཁུ་ལུ་དང་། དཀར་ཆུའི་ལས་རིགས། ཤ་རིགས་སོགས་ཐོན་ལས་རྣམ་གྲངས་ཀྱི་རྟེན་གཞིའི་འཛུགས་སྐྲུན་ལ་དམ་འཛིན་དང་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་འབྲི་གཡག་དང་ཁུ་ལུ་དཀར་པོའི་རྟེན་གཞིར་དམིགས་པའི་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བའི་རྣམ་གྲངས་གསར་སྤེལ་གོང་འཕེལ་ཤུགས་ཆེར་བཏང་བས་ཁུ་ལུ་དཀར་པོའི་ར་དང་། སྟོད་མའི་ལུག ཉང་གཡག་བཅས་ཡུལ་གྱི་ཁྱད་ཆོས་ལྡན་པའི་བཟའ་བཅའི་ཚོང་རྟགས་ཁག་གཅིག་གཏོད་ཐུབ་པ་བྱུང་བ་རེད། ཕྱོགས་མཚུངས་ཁུལ་དེས་ཚད་གཞི་མཐོ་བའི་ཞིང་ལས་ཚན་རྩལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་ནས་འགོ་བཙུགས་ཏེ་ཞིང་ལས་ཚན་རྩལ་བེད་སྤྱོད་དང་ཁྱབ་གདལ་རྒྱ་ཁྱབ་ཏུ་བཏང་ནས་སྔར་ལས་མང་བའི་ཐོན་ཁུངས་མ་འཇོག་དབུལ་སྐྱོར་གསར་སྤེལ་ཁྲོད་བཏང་བས་ས་ཁུལ་དེ་ཡོངས་ཀྱི་དབུལ་སྐྱོར་ཞིང་ལས་གསར་སྤེལ་ལས་དོན་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།