དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཕན་ཚུན་རོགས་རམ་གྱི་བྱེད་སྒོ་ཏན་ཏིག་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        སྔོན་གཏོད་ལེགས་བརྩོན་དང་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་སྤེལ་ཚུན་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་དང་པོས་བརྟག་ཞིབ་གཏིང་ཟབ་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

        ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་དང་པོས་བརྒྱད་གཅིག་སྡེ་ཁུལ་དུ་ཐེངས་མང་བསྐྱོད་དེ་བརྟག་ཞིབ་ཀྱི་བྱེད་སྒོ་སྤེལ་བ་དང་ཏང་ཡོན་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་མི་ཐེངས་10ལྷག་ཙམ་ལ་འཚམས་འདྲི་བྱས་པ་མ་ཟད “བསམ་བློར་རོགས་སྐྱོར་བྱེད་པ་དང་། བསམ་ཕྱོགས་ཁ་གསལ་བཟོ་བ། ཡིད་ཆེས་འཛུགས་པ། ཐབས་ལམ་གཏོད་པ། རྣམ་གྲངས་ཀྱི་རོགས་སྐྱོར་བྱེད་པ། དྲོ་སྐྱིད་སྦྱིན་པ ”སོགས་ཀྱི་རོགས་སྐྱོར་བྱ་ཐབས་བརྒྱུད་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་རང་གིས་རང་འཕེལ་རྒྱས་གཏོང་ནུས་མཐོ་རུ་ཧུར་ཐག་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།