དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗིད་ཐེག་རླངས་འཁོར་སྤྲད་ནས་མི་དམངས་ཕྱུག་འགྱུར་ལམ་དུ་སྐྱོད་པར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        རླངས་འཁོར་གྱི་ལྡེ་མིག་གཅིག་གིས་མི་སེར་དང་ལས་བྱེད་པ་དབར་གྱི “གཅིག་སེམས་གཅིག་སྦྲེལ ”གྱི་དྲོ་སྐྱིད་ལྡན་པའི་གཟུགས་བཪྙན་གཏོད་པ་དང་ལྗིད་ཐེག་རླངས་འཁོར་གཅིག་ནས་མངའ་རིས་ཁྲིམས་ཁང་དང་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོའི་འབྲེལ་གཏུགས་ས་ཚིགས་ཀྱི་མང་ཚོགས་དབར་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས་མཚོན་ཡོད།

        འདི་ལོའི་ལོ་འགོ་ནས་བཟུང་། མངའ་རིས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀོད་སྒྲིག་གཞིར་བཟུང་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་རལ་གཞོངས་གྲོང་ཚོར་བསྐྱོད་དེ་ཏང་གི་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་གཞི་རིམ་རྩ་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་དངོས་ཤེས་རྟོགས་བྱས་པ་རེད། མང་ཚོགས་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱེད་པའི་ནང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་བསམ་ཤེས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་18ལྷག་ཙམ་བརྩོན་ལེན་བྱས་ཏེ་རལ་གཞོངས་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ནང་བཏང་བ་རེད།

        མང་ཚོགས་ཀྱི་རིག་གནས་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་རལ་གཞོངས་གྲོང་ཚོའི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་ནུས་པ་སྔར་བས་སྲ་བརྟན་དུ་གཏོང་ཆེད་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རལ་གཞོངས་གྲོང་ཚོའི་གྲོང་མི་ཨུ་ལྷན་གྱི་བྱེད་སྒོ་ཁང་ལ་ཚོགས་འདུ་དང་རིག་གནས་རོལ་རྩེད་སོགས་ལ་མཁོ་བའི་བོད་བཟོའི་ཅོག་ཙེ་དང་རྐུབ་སྟེགས་ཉོ་སྒྲུབ་བྱས་པ་དང་ཁྱིམ་དུད་དབུལ་པོ་25ལ་འཛིན་ཆས་ཉོ་སྒྲུབ་བྱས་པ་རེད།

        ད་ཆ་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རལ་གཞོངས་གྲོང་ཚོར་ལྗིད་ཐེག་རླངས་འཁོར་སྤྲད་པ་དེ་ངལ་ལས་འབབ་གཏོད་རུ་ཁག་ཕྱི་ཕྱོགས་སུ་བསྐྱོད་ནས་ལས་ཀ་བྱེད་པ་དང་ཕྱུག་པོ་ཆགས་པ་བྱ་རྒྱུར་སྟབས་བདེ་ཡོང་བ་བྱེད་པར་སྐུལ་མ་གཏོང་བ་དང་རླངས་འཁོར་གྱིས་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་པ་དང་མང་ཚོགས་ཕྱུག་འགྱུར་བྱེད་རོགས་བྱེད་པའི་ཁྲོད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ནུས་པ་འདོན་སྤེལ་བྱ་ཆེད་ཡིན།

        དེ་ནི “མི་དམངས་ཁྲིམས་ཁང་གིས་མི་དམངས་ཆེད་དུ ”ཞེས་ཁས་བླངས་པའི་ཞིབ་ཕྲའི་བྱ་སྤྱོད་ལག་ལེན་བསྟར་བ་ཞིག་ཡིན་ལ་ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པའི་འབྲེལ་བ་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཅིག་ཀྱང་ཡིན་པ་དང་ཁྲིམས་ཁང་གི་ཉེན་རྟོག་པ་དང་ལས་བྱེད་པས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་བརྩེ་སེམས་ཤིག་ཡིན་ལ་མང་ཚོགས་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རོགས་བྱེད་པའི་འདོད་འདུན་ཞིག་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།