དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བདེ་སྐྱིད་ལྡན་པའི་འཚོ་བར“འགན་ལེན”ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་བོད་ཀྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་། གྲོང་རྡལ་ནས་གྲོང་གསེབ་བར། ལས་རིགས་མི་ཚོགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བར་བཅས་སྒྱུར་བཅོས་དང་། འཕེལ་རྒྱས། འཐུས་ཚང་བཅས་བརྒྱུད་མྱོང་ཡོད་ཅིང་། དུས་ཐུང་ལོ་60ཡི་རིང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་རགས་ཙམ་བྱས་ཡོད། མི་དམངས་མང་ཚོགས་ཀྱིས་རེ་བ་བྱེད་པའི “རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དབུལ་དུས་རྒུད་སྐྱོབ་ཡོད་པ། དཀའ་ངལ་ཡོད་དུས་རོགས་རམ་ཡོད་པ ”བཅས་ཀྱི་བདེ་སྐྱིད་ལྡན་པའི་བསམ་འདུན་མངོན་འགྱུར་བྱུང་ཡོད།

        སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།

        བོད་ཀྱི་འགན་སྲུང་བྱ་གཞག་འཕེལ་རྒྱས་སྐོར་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་མི་རྣམས་ཀྱིས་གལ་འགངས་ཆེ་བའི་1953ལོ་དེ་བརྗེད་མི་སྲིད། 1951ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་དོན་ཁང་གིས 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངལ་རྩོལ་འགན་བཅོལ་སྲོལ་ཡིག 》ཁྱབ་བསྒྲགས་བྱས་ཀྱང་བོད་འདི་ཉིད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་ཡིན་པར་དམིགས་ཏེ་བོད་དང་རྒྱལ་ཡོངས་སུ་ངལ་རྩོལ་འགན་བཅོལ་སྲོལ་ཡིག་དུས་གཅིག་ཏུ་ལག་བསྟར་བྱས་མེད་པ་དང་1953ལོར་སླེབས་སྐབས་བོད་ཀྱི་གནས་བབ་དང་མཐུན་པའི་ངལ་རྩོལ་འགན་བཅོལ་ལམ་ལུགས་གཞི་ནས་བཟོས་པ་རེད།

        སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་སྦྲགས་དུས་རབས་གོང་མའི་ལོ་རབས་80པའི་དུས་མཇུག་ཏུ་ལས་ཤོར་འགན་བཅོལ་བྱེད་འགོ་ཚུགས་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་ལ་སྤྱི་ཚོགས་གཅིག་འདོམས་དང་མི་སྒེར་གྱི་རྩིས་ཁྲ་གཉིས་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཁ་གསལ་གཏན་འཁེལ་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དེ་1994ལོ་ནས་1998ལོར་ཁྱོན་ཡོངས་སུ་ཚོད་ལྟ་བྱེད་འགོ་བཙུགས་པ་བཅས་དང་དུས་མཚུངས་ལས་རྨས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་སོགས་ཀྱི་ལམ་ལུགས་ཀྱང་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མིག་སྔར་རང་ལྗོངས་སུ་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེན་པོ་ལྔ་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”དུས་མཇུག་བར་བོད་དུ་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་རང་སྐྱོང་ལྗོངས་རིམ་པའི་གཅིག་འདོམས་རིམ་བཞིན་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་བརྟན་པོའི་སྒོ་ནས་མཐོ་རུ་ཕྱིན་པ། ལས་ཤོར་འགན་བཅོལ་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ལས་རྨས་དང་བུ་བཙའི་འགན་བཅོལ་ལ་སྐུལ་འདེད་ཡག་པོ་བྱུང་བ་བཅས་ལས་ངལ་རྩོལ་པའི་ཁྲིམས་མཐུན་གྱི་ཁེ་དབང་འགན་ལེན་ནུས་ལྡན་བྱུང་ཡོད།

        2010ལོར་ལྗོངས་ཡོངས་ཀྱི་རྫོང (གྲོང་ཁྱེར་དང་ཆུས )73ཚང་མ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ནང་བཅུག་ཡོད་པ་དང་ལོ་60ཧྲིལ་པོར་སླེབས་པ་ཡན་གྱི་ཞིང་འབྲོག་ཁུལ་གྱི་གྲོང་མིར་གཞི་རྩའི་རྒན་གསོའི་མ་དངུལ་སྒོར་ཁྲི་7631.55སྤྲད་པ་དང་། རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ལོ་7བསྟུད་མར་ལེགས་སྒྲིག་བྱས་ནས་འདི་ལོའི་ཟླ་བ་དང་པོར་རང་ལྗོངས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་རེའི་ཆ་སྙོམས་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཟླ་རེར་སྒོར་2439ཟིན་པ་དེ་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ནང་སྨན་ཁང་དུ་སྡོད་པའི་སྨན་རིན་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་97.5%(གཞུང་ལས་པའི་ཁ་གསབ་ཚུད་པ )ཟིན་པ་དང་ལོ་འཁོར་སྨན་རིན་རྩིས་ཞུ་མཐོ་ཤོས་སུ་སྒོ་ཁྲི་22(ཚོང་ལས་ཁ་གསབ་ཀྱི་སྨན་བཅོས་འགན་བཅོལ་སྒོར་ཁྲི་14ཚུད་པ )རྩིས་ཁོངས་སུ་གཏོང་གི་ཡོད་པས་ལོ་འཁོར་གོང་མའི་ལས་བཟོའི་སྤྱི་ཚོགས་ཀྱི་ཆ་སྙོམས་གླ་ཕོགས་སྒོར་36000གི་ལྡབ་6.1ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་སྨན་རིན་རྩིས་ཞུའི་བསྡུར་ཚད་དེ་75.1%ཡིན་པ། 2010ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་ཁྱོན་མི་གྲངས་ཁྲི་166.23ཡིན་པ་དང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་སྒོར་དུང་ཕྱུར་17.32སྤྲད་ཡོད།

        མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་ཟམ་མི་ཆད་པར་སྐོང་བ།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་གི་ལོ་རྒྱུས་དུས་མཚམས་ཚང་མའི་ནང་སྤྱི་ཚོགས་འགན་སྲུང་གི་བྱ་གཞག་ཐད་མི་དམངས་མང་ཚོགས་ཀྱི་རེ་བ་སྐོང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཟམ་མི་ཆད་པར་ཐོན་ཡོད།

        གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་གསར་པ་དངོས་སུ་ལག་ལེན་བསྟར་བ་དེས་བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་གཙོ་བོ་བུ་ཕྲུག་དང་ས་ཞིང་ལ་བརྟེན་ནས་རྒན་གསོ་བྱེད་པ་ནས་སྤྱི་ཚོགས་ཀྱིས་རྒན་གསོ་བྱེད་པར་འགྱུར་ལྡོག་ཕྱིན་ཡོད།

        “སྲིད་གཞུང་གིས་ང་ཚོར་རྒན་གསོའི་དངུལ་གནང་ནས་ང་ཚོའི་གནད་དོན་ཆེན་པོ་ཞིག་ཐག་གཅོད་བྱུང་བ་དེ་ནི་དམངས་སེམས་ལ་ཟུག་པའི་སྲིད་ཇུས་ཡག་པོ་ཞིག་རེད ”ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་རྔ་ཆེན་གྲོང་ཚོའི་ལོ་67ལ་སླེབས་པའི་སྐལ་བཟང་གཡུ་སྒྲོན་བཟའ་ཚོ་ནི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཕན་པ་ཐོབ་མཁན་ཡིན་པ་རེད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཛུགས་སྐྱོང་ལ་ཚད་བརྒལ་རང་བཞིན་གྱི་ཡར་རྒྱས་བྱུང་ཞིང་། ལྗོངས་ཡོངས་ཀྱི་རྫོང་73(གྲོང་ཁྱེར་དང་ཆུས )ཚང་མ་ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་ལོ་ན་60ཧྲིལ་པོ་ཡན་གྱི་ཞིང་འབྲོག་མང་ཚོགས་ཚང་མར་རྨང་གཞིའི་རྒན་གསོའི་དངུལ་ལེན་རྒྱུ་ཡོད། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཚད་གཞི་ཆེན་པོས་མཐོ་རུ་བཏང་ཞིང་། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་སྔ་རྗེས་སུ་ཐེངས་ལྔ་ལེགས་སྒྲིག་བྱས་པ་དང་2010ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་ལྗོངས་ཁེ་ལས་ཀྱི་ལས་འཁྱུར་མི་སྣར་ཟླ་རེར་ཆ་སྙོམས་རྒན་གསོའི་དངུལ་སྒོར་2209ལེན་རྒྱུ་ཡོད་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་839ཡིས་མང་བ་ཡོད་པ་དང “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་གི་སྒོར་1331ལས་ལྡབ་1.66འཕར་ཡོད་པ་རེད། དམག་སྡེ་བཅོ་བརྒྱད་པའི་དེ་སྔའི་འཐབ་འཛིང་རྒན་གྲས་དང་ཨ་འགོག་ཁྲ་རོགས་བྱེད་མཁན་མི་སྣར་གཞི་རྩའི་རྒན་གསོའི་ཐོབ་ཐང་ཐད་དམིགས་བསལ་གྱི་ལྟ་རྟོགས་བྱས་ཏེ་མ་མཐའི་ཚད་གཞི་མཐོ་རུ་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བ་དེས་ཁོང་ཚོའི་རྒན་གསོའི་ཐོབ་ཐང་དེ་མི་རེར་ཟླ་རེར་སྒོར་3000ཡན་ཟིན་ཡོད།

        ལས་རྨས་དང་བུ་བཙའི་འགན་བཅོལ་ལམ་ལུགས་སྒོ་ཀུན་ནས་བཟོས་ཤིང་། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ལས་རྨས་ཀྱི་འགན་བཅོལ་ཁྱབ་རྒྱ་དེ་རིགས་ཁག་གི་ཁེ་ལས་ནས་གཞུང་གཉེར་མིན་པའི་ཁེ་ལས་ཚན་པ་བར་ཁྱབ་ཡོད་པས་བཟོ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱུང་ནས་བདེ་འཇགས་ངང་ཐོན་སྐྱེད་བྱ་རྒྱུར་སྐུལ་ལྕག་བྱུང་ཡོད།

        སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་བསྡུ་འཇལ་དང་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཅིང་། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་སྒྲིག་གཞི་ཆེད་མངགས་བཙུགས་པ་དང་འབྲེལ་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་དང་མཉམ་དུ་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩར་ལྟ་སྐུལ་གྱི་འབྲེལ་བ་བྱེད་པའི་ལམ་ལུགས་བཟོས་པ་དང་ལྗོངས་ཡོངས་སུ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཆེད་དོན་བཅོས་སྒྲིག་བྱས་ནས་ཐེབས་རྩའི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་དང་དོགས་ཟོན་བྱས་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ལྗོངས་ཡོངས་ཀྱིས་སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩ་ཁྱོན་སྒོར་དུང་ཕྱུར་83.88བསྡུ་འཇལ་བྱས་པ་དང་རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྒོར་དུང་ཕྱུར་2.88གཙང་བཤེར་བྱས་ནས་བསྡུས་ཡོད།

        སྤྱི་ཚོགས་འགན་སྲུང་གིས་སྔར་ལས་མང་བའི་མང་ཚོགས་ལ་ཕན་པ་ཐོབ་རྒྱུའི་བརྩོན་ལེན་བྱེད་པ།

        མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་དམིགས་ནས་རང་སྐྱོང་ལྗོངས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་ཐད་གཅིག་ནས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཁག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཚོགས་སྤྱི་སྣ་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་ཁྲིད་སྟོན་གྱིས་མི་ཚང་མར་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་བྱ་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། གཉིས་ནས་སྤྱི་ཚོགས་ཀྱི་འགན་བཅོལ་ཁག་གི་ཐོབ་ཐང་ཆུ་ཚད་བརྟན་པོའི་སྒོ་ནས་མཐོ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོད་པ་བྱ་རྒྱུ། གསུམ་ནས་སྤྱི་ཚོགས་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་ཁག་མངོན་འགྱུར་བྱས་ནས་ཐེབས་རྩས་ཉེན་འགོག་ནུས་པ་ཆེ་རུ་གཏོང་རྒྱུ། བཞི་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་བསྡུ་འཇལ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བསྡུ་འོས་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་རྣམས་བསྡུ་གང་ཐུབ་དང་བདེ་འཇགས་དང་བརྟན་པོའི་སྒོ་ནས་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་བཅས་རེད།

        སྔོན་དཔག་བྱས་ན “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའ་འགན་བཅོལ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་11དང་། མི་ཁྲི་12 མི་ཁྲི་116.53 མི་ཁྲི་26 མི་ཁྲི་20 མི་ཁྲི་10 མི་ཁྲི་10 མི་ཁྲི་16བཅས་སོ་སོར་ཟིན་ནས་འགན་བཅོལ་ཁག་ནང་ཞུགས་ཚད་95%ཡན་ཟིན་པ་བྱ་རྒྱུ་ཡིན་པ་རེད།

        བོད་མི་དམངས་ཀྱི་བདེ་སྐྱིད་མཚོན་གྲངས་རྒྱུན་ཆད་མེད་པར་འཕར་བ་དང་མི་རྣམས་ཀྱི་ནད་གཞི་བསྟན་བདེ་རུ་ཕྱིན་པ་དང་ལས་ཞུགས་ཀྱི་ཐབས་ལམ་ཆེ་རུ་ཕྱིན་པའི་ཚོར་བ་བྱུང་བ་མ་ཟད། སྤྱི་ཚོགས་རྒན་གསོ་འགན་བཅོལ་ནི་དེ་བས་མི་སེམས་ལ་ཟུག་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།