དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་དབང་པོ་སྐྱོན་ཅན་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

       ཉེ་ཆར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དབར་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་རོགས་སྐྱོར་དང་ལས་ཞུགས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་རྒྱུ་བཀོད་སྒྲིག་བྱས་ནས་ས་གནས་ཁག་ལ་ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་བྱེད་འདོད་ཡོད་པའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་རོགས་སྐྱོར་དང་ལས་ཞུགས་ཞབས་ཞུའི་ལས་དོན་ནན་ཏན་ངང་སྒྲུབ་པ་དང་འབྲེལ་དབང་པོ་སྐྱོན་ཅན་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་གི་ཁྱབ་ཁོངས་ནང་སྔོན་ལ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་དབང་པོ་སྐྱོན་ཅན་རྣམས་ལས་ཞུགས་ཐད་དཀའ་ངལ་ཡོད་མཁན་ལ་བརྩིས་ནས་ལས་ཞུགས་རོགས་སྐྱོར་བྱེད་པའི་མ་ལག་ནང་བཅུག་སྟེ་དམིགས་སའི་རང་བཞིན་ལྡན་པའི་ལས་ཞུགས་ཞབས་ཞུ་དང་ལས་ཞུགས་མཛུབ་ཁྲིད་རིན་མེད་ངང་མཁོ་འདོན་བྱས་ནས་ལས་ཞུགས་ལམ་བུ་རྒྱ་ཆེར་བཏང་སྟེ་དེ་བས་དགེ་མཚན་ལྡན་ལ་ནུས་ལྡན་གྱི་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་རེད།

        སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་དབང་པོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ལ་བརྩིས་ནས་གྲོང་ཁྱེར་སྡེ་ཁུལ་དང་། གཞི་རིམ་སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ་བཅས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གཏོད་སྐབས་དབང་པོ་སྐྱོན་ཅན་ལས་ཞུགས་བྱ་རྒྱུར་འཚམ་པའི་ལས་གནས་ཁག་གཅིག་གཏོད་རྒྱུར་མཐོང་ཆེན་བྱས་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལས་ཞུགས་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་ལེན་བྱ་རྒྱུ་དང་དུས་མཚུངས་དབང་པོ་སྐྱོན་ཅན་གྱིས་རང་བརྟེན་ལས་ལམ་གཏོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ་ཁེར་རྐྱང་གཉེར་སྐྱོང་དང་རང་རྟོགས་ངང་སྒྲིག་འཛུགས་ཀྱིས་ལས་ཞུགས་བྱས་ནས་རང་ཁ་རང་གསོ་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

        རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོངས་གཏོགས་ཁུལ་དེ་གའི་དབང་པོ་སྐྱོན་ཅན་གྱི་དོ་དམ་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཁོངས་གཏོགས་ཁུལ་དེ་གའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་གནས་ཚུལ་མཐིལ་རྟོགས་བརྟག་དཔྱད་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་སྟེ་དངོས་མིང་ལམ་ལུགས་ཀྱི་གྲངས་གཞིའི་མཛོད་བཙུགས་ནས་དུས་ཐོག་ཏུ་ངལ་རྩོལ་ནུས་ཤུགས་ཡོད་པ་དང་ལས་ཞུགས་བྱེད་འདོད་ཡོད་པའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་གནས་ཚུལ་དབང་པོ་སྐྱོན་ཅན་གནས་སའི་ངལ་རྩོལ་ཞབས་ཞུའི་སྒྲིག་གཞིར་ཐོ་འགོད་སྙན་སེང་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་ཆེད་དོན་ལས་ཞུགས་རོགས་སྐྱོར་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱ་ཆེད་རྨང་གཞི་འདིང་རྒྱུ་ཡིན་པ་རེད། དམིགས་སའི་རང་བཞིན་དང་དངོས་སྤྱོད་རང་བཞིན་ལྡན་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་ཧུར་ཐག་སྤེལ་ནས་ཕྱོགས་རྐྱང་པའི་རྩལ་ནུས་གསོ་སྦྱོང་གཙོ་གནད་ཐོག་སྤེལ་བས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་བྱེད་པའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ་དང་ཁྱིམ་ནས་ཐོན་པ་དང་། སྤྱི་ཚོགས་ནང་མཉམ་འདྲེས་བྱེད་པ། སྤྱི་ཚོགས་ནང་ཞུགས་པ་བཅས་ཀྱི་འདུ་ཤེས་བཙུགས་ནས་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་བ་དང་ཁོང་ཚོའི་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་དང་། ངལ་རྩོལ་ནུས་ཤུགས། ལས་ཞུགས་བྱེད་འདོད་བཅས་ཡོད་པ་མ་ཟད 《ལས་ཞུགས་ལས་ཤོར་གྱི་ཐོ་འགོད་ལག་ཁྱེར 》གཉེར་བའི་དབང་པོ་སྐྱོན་ཅན་ཡིན་ཕྱིན་ཚང་མས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱ་རྒྱུའི་རེ་ཞུ་བྱས་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།