དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁའི་དམངས་འཚོའི་འཐབ་ཇུས་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་བའི་ལོ་ཤས་རིང་ལྷོ་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་སྲིད་ལས་དོན་གྱི་ཨང་དང་པོར་བཞག་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། འགན་ལེན་ལྔའི་དུད་ཚང་ལ་བསྙེན་བཀུར། སྨན་བཅོས་ཁ་གསབ་རོགས་སྐྱོར་བཅས་གཙོ་བོར་བྱེད་པའི་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་ལག་གཙོ་གནད་དུ་བསྐྲུན་སྟབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་ནུས་ལྡན་བྱུང་ཡོད། འདི་ནི་ཆུ་གསུམ་རྫོང་སྤྱི་ཚོགས་ཕན་བདེ་ཁང་གི་ཚེ་མཇུག་བདེ་སྐྱིད་ངང་སྐྱེལ་བཞིན་ཡོད་པའི་རྒན་རྒོན་ཡིན་པ།

        འདས་ཟིན་པའི་ལོ་ལྔའི་རིང་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དམངས་སེམས་འདུ་འགོད་ཡག་པོ་གཉེར་རྒྱུ་དེ་ལས་དོན་ཁག་ནང་གལ་ཆེ་ཤོས་ལ་བརྩིས་ཏེ་2009ལོ་ནས་བཟུང་ལག་ལེན་བསྟར་འགོ་ཚུགས་པའི་དམངས་སེམས་འདུ་འགོད་རབ་དང་རིམ་པ་ལས་ཏང་གི་འོད་སྟོང་འཕྲོ་བའི་གཟུགས་བཪྙན་དེ་ཡར་ཀླུང་ས་གཞི་ཆེ་མོར་རྡོ་ལ་རི་མོ་བརྐོས་པ་ལྟར་གནས་པ་དང་ལྷོ་ཁའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་34ཡི་སེམས་ནང་གཏིང་ཟབ་ཟུག་ཡོད།

        དམངས་འཚོའི་བྱ་གཞག་དེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་འཇོག་པ།

        “ལོ་ལྔ་ཚན་བཅུ་གཅིག་པ ”ནས་བཟུང་ལྷོ་ཁ་ས་ཁུལ་གྱི་གོང་འོག་ཚང་མས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འཕར་རྒྱུ་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་ཀྱི་གལ་ཆེའི་འཐབ་ཇུས་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་བ་དང་དམངས་འཚོའི་བྱ་གཞག་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་ལོའི་ལོ་འགོར་ལྷོ་ཁ་ས་ཁུལ་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམངས་སེམས་འདུ་འགོད་ཆེ་གྲས་བཅུའི་སྐོར་གྱི་ཀྲུང་གུང་ལྷོ་ཁ་ས་ཨུད་དང་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ལག་བསྟར་བསམ་འཆར 》བཟོས་ཏེ་བཏོན་པ་དང་དུས་ཡུན་ལོ་ལྔའི་རིང “ལོ་ཚན་བཅུ་གཉིས་པའི ”རིང་འཕྲོད་བསྟེན་གྱི་སྤུས་ཚད་རིམ་འཕར་ཡོང་རྒྱུ་དང་། སློབ་གསོའི་རྨང་གཞི་སྟོབས་ཆེར་གཏོང་རྒྱུ། ཚན་རྩལ་གྱིས་སྣེ་ཁྲིད་བྱ་རྒྱུ། ལས་གཏོད་ལས་ཞུགས་བྱ་རྒྱུ། ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་པོ་ཆགས་པ་བྱ་རྒྱུ། དམངས་འཚོའི་ཆུ་བེད་སྒེར་གཉེར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། དབུལ་སྐྱོར་དཀའ་སེལ་བྱ་རྒྱུ། འབྱོར་འབྲིང་ལ་སྐུལ་འདེད་གཏོང་རྒྱུ། གཞི་རིམ་གྱི་རྨང་གཞི་འདིང་རྒྱུ་བཅས་དམངས་སེམས་འདུ་འགོད་ཆེ་གྲས་བཅུ་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་རེད། 《ལག་བསྟར་བསམ་འཆར 》བཏོན་པ་དེའི་ནང་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་དམངས་འཚོའི་བྱ་གཞག་ལ་བཅངས་པའི་བརྩེ་སེམས་ཧ་ཅང་ཆེན་པོ་གཅིག་ཏུ་བསྡུས་ཡོད་ལ་ལྷོ་ཁ་ས་ཁུལ་གྱིས་དམངས་འཚོའི་བྱ་གཞག་རིམ་འཕར་ཡོང་རྒྱུ་དེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞག་ནས་ལག་ལེན་བསྟར་ལུགས་ཀྱང་ར་སྤྲོད་བྱུང་ཡོད།

        ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲའོ་ཤན་ཀྲུང་གིས་དམངས་སེམས་འདུ་འགོད་ཆེ་གྲས་བཅུ་པོ་ནི་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ཆེད་སྲིད་སྐྱོང་བའི་འདུ་ཤེས་མཐའ་འཁྱོངས་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་གལ་ཆེའི་འཐབ་ཇུས་བྱ་ཐབས་ཤིག་རེད་ཅེས་བཤད་ཡོད་པ་རེད།

        མི་རྩ་བར་འཛིན་ནས་དམངས་འཚོ་ལེགས་སུ་གཏོང་བ།

        དམངས་སེམས་འདུ་འགོད་ཆེ་གྲས་བཅུ་པོ་དེའི་འབྲེལ་ཡོད་ཁྱབ་ཁོངས་ཆེ་བ་དང་ཞུགས་མཁན་ཚན་པ་མང་པོ་ཞིག་ཡོད་ཅིང་ལྷོ་ཁའི་སྣེ་ཁྲིད་ཚན་པ་དང་གཞོགས་འདེགས་ཚན་པ་ཁག་གིས་རང་སོ་སོའི་འགན་འཁྲི་ཁ་གསལ་བཟོ་བ་དང་འབྲེལ་ཡོད་འགན་འཁྲི་དོན་འཁྱོལ་བྱེད་པ་དང་རོགས་ལས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཀ་དོན་འཁྱོལ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་གི་ཡོད། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་དམངས་སེམས་འདུ་འགོད་ཆེ་གྲས་བཅུའི་མ་དངུལ་གྱི་སྔོན་རྩིས་དང་གཏོང་ཆ་འགན་ལེན་གྱི་ལས་དོན་ལེགས་པར་བསྒྲུབས་པ་དང་། རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་གོང་རིམ་དང་འབྲེལ་མཐུད་དང་རྣམ་གྲངས་བརྩོན་ལེན་གྱི་ལས་ཀ་ཡག་པོ་བསྒྲུབས་པ། རིམ་ཁག་བཟོ་ཚོགས་དང་། སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་འགན་ནུས་འདོན་སྤེལ་ལེགས་པར་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གིས་དམངས་སེམས་འདུ་འགོད་ཆེ་གྲས་བཅུའི་འཛུགས་སྐྲུན་ལ་བསམ་གཞིཌ་དང་རྒྱབ་སྐྱོར་བྱ་རྒྱུ་དང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད།

        དེ་དང་ཆབས་ཅིག་ལྷོ་ཁ་ས་ཁུལ་གྱིས་གཙོ་གནད་ཚད་བརྒལ་ཡོང་རྒྱུའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་དམངས་སེམས་འདུ་འགོད་ཆེ་གྲས་བཅུ་གཉེར་རྒྱུ་དེ་ཚད་བརྒལ་ཡོང་སར་བརྩིས་ཏེ་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་། ཐོན་ལས་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། གཞི་རིམ་གྱི་རྨང་གཞི་སོགས་གཙོ་གནད་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུར་གཙོ་གནད་དུ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་གི་གཙོ་གནད་ལ་ཚད་བརྒལ་ཡོང་རྒྱུ་དང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་མ་གཏོང་གི་ཡོད་པ་རེད།

        མང་ཚོགས་ནི་ཕན་པ་ཐོབ་ཆེ་ཤོས་ཡིན་པ།

        ད་ལྟ་ལྷོ་ཁ་ས་ཁུལ་གྱི་རྫོང་ཚང་མར་སྒྲིག་བཀོད་ཆ་ཚང་བའི་རྒན་བཀུར་ཁང་ཡོད་པ་དེའང་ལྷོ་ཁ་ས་ཁུལ་དུ་ལག་ལེན་བསྟར་བའི་དམངས་སེམས་འདུ་འགོད་རབ་དང་རིམ་པ་ལས་ཕན་པ་ཐོབ་པ་ཞིག་རེད།

        དམངས་སེམས་འདུ་འགོད་ཆེ་གྲས་བཅུ་པོ་དེ་མང་ཚོགས་ཆེད་དུ་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་དམངས་སེམས་འདུ་འགོད་ཅིག་ཏུ་གཉེར་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་གྱུར་པ་དང་ལྷག་དོན་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཚོགས་སྤྱི་དེ་སེམས་ཁུར་དང་ལྟ་སྐྱོང་བྱེད་པའི་གཙོ་གནད་དུ་འགྱུར་རྒྱུ་རེད།

        བོད་ཀྱི་ཞིང་འབྲོག་ཁུལ་མང་པོ་དང་འདྲ་བར་ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་ཁུལ་དུ་ལོ་མང་པོའི་གོང་དུ་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་རུང་སློབ་ཞུགས་གོང་གི་སློབ་གསོ་ནི་སྔར་བཞིན་སྟོང་ཆ་ཞིག་རེད། ཞིང་འབྲོག་ཁུལ་གྱི་བྱིས་པ་ཚོས་གྲོང་ཁྱེར་ནང་གི་བྱིས་པ་དང་འདྲ་བར་སློབ་གསོ་ལོངས་སྤྱོད་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

        མི་སེར་གྱི་རེ་སྒུག་ནི་སྲིད་གཞུང་གིས་འབད་བརྩོན་བྱེད་པའི་ཁ་ཕྱོགས་རང་རེད།

        དམངས་སེམས་འདུ་འགོད་ཆེ་གྲས་བཅུའི་ནང་སློབ་ཞུགས་གོང་གི་སྐད་གཉིས་ཀྱི་སློབ་གསོ་མྱུར་དུ་ཁྱབ་གདལ་གཏོང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ། སློབ་ཞུགས་གོང་གི་སློབ་གསོ་མྱུར་དུ་ཁྱབ་གདལ་གཏོང་བ། རྒྱལ་ཁབ་ཀྱི་ཚོད་ལྟའི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་1.37བརྩོན་ལེན་བཅས་བྱས་ཏེ་ས་ཁུལ་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ཚོད་ལྟའི་ཤང (གྲོང་རྡལ )དུ་བུ་བཅོལ་ཁང་55འཛུགས་པ་དང་ཆབས་ཅིག་ཐབས་ལམ་མང་པོ་བརྒྱུད་མ་དངུལ་བརྩོན་ལེན་བྱས་ཏེ་ཤང (གྲོང་རྡལ )28ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་དམ་འཛིན་ལེགས་པར་བྱས་ཏེ་“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཤང་ཚང་མར་བུ་བཅོལ་ཁང་ཡོད་པའི་དམིགས་ཚད་བསྒྲུབ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།