དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བརྗོད་ཀྱིས་མི་ལང་བའི་བཀའ་དྲིན་དང་བརྗེད་པར་དཀའ་བའི་བརྩེ་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཆོས་བཟང་དང་ཀུན་བཟང་ལྷ་མོ་རྒན་རྒོན་གཉིས་སྟག་རྩེ་རྫོང་གསེར་ལོ་རྒན་གསོ་ཁང་དུ་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་ཡོད་པ།

        ལྷབ་ལྷུབ་ཏུ་གཡོ་བའི་ཚོན་དར་དང་། གང་སར་བཀལ་བའི་ལྒང་ཞུ་དམར་པོ། གྲལ་སྟར་བསྒྲིགས་པའི་སྦྱར་ཡིག མདུན་དུ་བསུ་བའི་འཛུམ་མདངས་བཅས་ལས་སྒོ་ར་ཆུང་ཆུང་ནང་དགའ་སྤྲོའི་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཡོད། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གསེར་ལོ་རྒན་གསོ་ཁང་ནང་བསྐྱོད་ཚེ་དེ་གའི་མི་རྣམས་ད་དུང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་དགའ་སྟོན་གྱི་རྣམ་པའི་ཁྲོད་གནས་ཡོད།

        ཟླ་7ཚེས་21ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ལྷ་སའི་ཡན་ལག་ཚོགས་པ་སྟག་རྩེ་རྫོང་གསེར་ལོ་རྒན་གསོ་ཁང་དུ་ཕེབས་ནས་རྒན་གསོ་ཁང་གི་རྒན་རྒོན་དང་ལས་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཞལ་གྱེས་ནས་ཉིན་ཁ་ཤས་སོང་ཡོད་ནའང་གཟིགས་པ་དང་འཚམས་འདྲི་གནང་ཡུལ་ཆོས་བཟང་དང་གུང་གྲགས་ལྷ་མོ་རྒན་རྒོན་གཉིས་ཀྱི་སེམས་ད་དུང་དགའ་སྤྲོས་ཁེངས་ནས་ཡོད་པ་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པ་གནས་དེར་ཕེབས་ནས་གཟིགས་པ་དང་འཚམས་འདྲི་གནང་བའི་སྐོར་གླེང་སྐབས་རྒན་རྒོན་གཉིས་ཀྱིས “ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། དེ་ནི་ཚེ་གང་རིང་བརྗེད་མི་སྲིད ”ཅེས་སེམས་འགུལ་ཐེབས་པའི་ངང་བརྗོད་བྱུང་།

        ཁོང་གཉིས་ཀྱིས “རྒན་གསོ་ཁང་ནང་བཟའ་སྡོད་གྱོན་གསུམ་དང་སྨན་བཅོས་ཐད་རང་ཉིད་ཀྱིས་སེམས་ཁྲལ་བྱེད་མི་དགོས་པར་སྲིད་གཞུང་གིས་ཚང་མ་ཐག་གཅོད་བྱེད་ཀྱི་ཡོད་པ་མ་ཟད། ཟླ་རེར་ད་དུང་ལག་དངུལ་སྤྲོད་ཀྱི་ཡོད་ལ་ལས་དོན་མི་སྣས་ཀྱང་ང་ཚོར་ལྟ་སྐྱོང་ཡག་པོ་བྱེད་ཀྱི་འདུག དངོས་གནས་ཏང་དང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ང་ཚོ་ལྟོ་གོས་ལ་སེམས་ཁྲལ་མེད་པར་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་སྤྱི་ཚོགས་ཪྙིང་པའི་ནང་བསམ་མི་ཕོད་པ་ཞིག་རེད། ང་ཚོས་ཐོབ་པར་དཀའ་བའི་འཚོ་བར་གཅེས་སྤྲས་བྱས་ནས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་མེས་རྒྱལ་ལ་དགའ་ཞེན་དེ་བས་བྱེད་རྒྱུ་ཡིན ”ཞེས་བརྗོད་བྱུང་།

        འདི་ལོ་ལོ 68ལ་སླེབས་པའི་བགྲེས་སོང་ཆོས་བཟང་ནི་སྟག་རྩེ་རྫོང་འབྲོམ་སྟོད་ཤང་གེ་རེ་གྲོང་ཚོའི་གྲོང་མི་ཡིན་པ་དང་ལོ 70ལ་སླེབས་པའི་གུང་གྲགས་ལྷ་མོ་ནི་སྟག་རྩེ་རྫོང་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་གཉིས་ན་ནིང་ཟླ་གསུམ་པར་རྒན་གསོ་ཁང་དུ་སླེབས་ནས་མཉམ་དུ་སྡོད་པ་དང་ཕན་ཚུན་རོགས་རམ་བྱེད་པའི་འཚོ་བའི་ཁྲོད་རྒན་རྒོན་གཉིས་རིམ་བཞིན་རྒྱུས་མངའ་བྱུང་བ་དང་སྦྲགས་ཕན་ཚུན་དབར་བརྩེ་སེམས་ཟབ་མོ་ཆགས་ནས་ཕན་ཚུན་རྟེན་རེས་བྱས་ནས་ཚེ་མཇུག་སྐྱེལ་རྒྱུའི་ཐག་བཅད་ཅིང་། ན་ནིང་ཟླ་བཅུ་གཅིག་པར་ས་གནས་དེ་གའི་དམངས་སྲིད་སྡེ་ཚན་ནས་གཉེན་སྒྲིག་ལག་ཁྱེར་བླངས།

        ཀྲུང་དབྱང་སྐུ་ཚབ་ཚོགས་པས་འཚམས་འདྲི་གནང་རྗེས་རྒན་རྒོན་ཚོའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་པོ་དང་བདེ་སྐྱིད་ལྡན་པར་གྱུར་ནས་ཁོང་ཚོས་ཉི་མ་བསྲོ་བ་དང་། བཪྙན་འཕྲིན་ལྟ་བ། མེ་ཏོག་ལ་ཆུ་རྒྱག་པ་སོགས་བྱེད་ཀྱི་ཡོད།

        རྒན་གསོ་ཁང་གི་ཡོན་ཀྲང་བསྟན་འཛིན་སྒྲོལ་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ 60འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གསེར་ལོ་རྒན་གསོ་ཁང་གི་རྒན་རྒོན་ལ་གཟིགས་པ་དང་འཚམས་འདྲི་གནང་བས་མང་ཚོགས་ལ་སྐུལ་ལྕག་ཐེབས་པ་དང་དམངས་སེམས་རབ་འཕེལ་བྱུང་ནས་རྒན་གསོ་ཁང་གི་རྒན་རྒོན་ལ་སྨོན་འདུན་བཟང་པོ་ཞུས་པ་དང་དྲོ་སྐྱིད་སྦྱིན་ཡོད་ལ་ང་ཚོར་ཏང་གིས་གཞི་རིམ་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དང་རྒན་རྒོན་གྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་ལུགས་མྱོང་ཚོར་ཟབ་མོ་ཡང་ཐུབ་ཡོད་པས་ང་ཚོས་འབད་བརྩོན་ལྡབ་བརྒྱ་བྱས་ཏེ་རྒན་རྒོན་གྱི་འཚོ་བ་དང་གཟུགས་གཞིར་ལྟ་སྐྱོང་དེ་བས་ལེགས་པ་བྱེད་རྒྱུ་ཡིན་ཞེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།